འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་བོད་ལྗོངས་ཀྱི་ཐང་གའི་ཐོན་ལས་ཀྱི་ལོའི་ཐོན་
    རྫས་རིན་ཐང་སྒོར་དུང་ཕྱུར་7ཡས་མས་ཟིན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་ལྗོངས་ཀྱི་ཐང་གའི་ཐོན་ལས་ཤུགས་རྐྱེན་ཅུང་ཆེ་བའི་ཁྱད་ལྡན་རིག་གནས་ཐོན་ལས་སུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བོད་ལྗོངས་སུ་ཆེད་ལས་ཐང་ག་བཞེངས་མཁན་2000ལྷག་ཙམ་ཡོད་པ་དང་ཁོང་ཚོས་ལོ་ལྟར་ཐང་ག་རྩེ་གྲ་སྟོང་ཡན་བཞེངས་ཀྱི་ཡོད་པས་ཐང་གའི་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད།
           ཐང་གའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཐང་གའི་དཔལ་འབྱོར་ཕན་འབྲས་ཀྱང་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་། “ཐང་གའི་དངོས་མང་སྟོན་ཚོགས”ཀྱི་ལས་སྟེགས་བརྒྱུད། བོད་ལྗོངས་ཀྱི་རིམ་པ་མཐོ་བའི་ཐང་ག་བཞེངས་མཁན་99ཡིས་བཞེངས་པའི་ཐང་གའི་སྤྱིའི་རིན་ཐང་ལ་སྒོར་དུང་ཕྱུར་11.3ལྷག་ཙམ་ཟིན་གྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས། སྔོན་རྩིས་བྱས་ན་ཐང་གའི་ཐོན་ལས་ཀྱིས་མི་གྲངས་6300ཡས་མས་ལས་ཞུགས་ཐུབ་རྒྱུ་དང་ལོར་ཐང་ག་རྩེ་གྲ་5000ལྷག་ཙམ་བཞེངས་ནས་ཐང་གའི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་7ཡས་མས་ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།