འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར་ལས་
    དོན་ཚོད་ལྟའི་ངང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་གིས་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱས་ཏེ་ཚོད་ལྟའི་རྨང་གཞིར་བྱས་ནས་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར་ལས་དོན་རིམ་གྱིས་སྤེལ་དགོས་པའི་གཏན་འཁེལ་བྱས་པ་རེད།
           འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་མཚོ་སྔོན་ནི་རང་རྒྱལ་གྱི་སྣོད་བཅུད་ཞིང་ཆེན་ཆེ་གྲས་ཤིག་ཡིན་པ་དང་། མངའ་ཁོངས་ཀྱི་འཁྱགས་རོམ་དང་། འདམ་ར། གཙང་པོ་དང་མཚེའུ་བཅས་ཁྱབ་རྒྱ་ཆེ་བས་ཨེ་ཤེ་ཡའི་ཆུ་རྩྭ་གསོ་འཁྱོངས་ཁུལ་གལ་ཆེན་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་བཏོན་པའི་གྲངས་གཞི་ལྟར་ན། ཞིང་ཆེན་དེའི་སྣོད་བཅུད་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་18.39ཟིན་པ་དང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ལོ་ལྟར་ཆུ་བོའི་སྨད་རྒྱུད་ཁུལ་ལ་སྒོར་དུང་ཕྱུར་4000ལྷག་ཙམ་རི་བའི་སྣོད་བཅུད་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།
          ཡུལ་དེའི་སྣོད་བཅུད་སྲུང་སྐྱོང་བྱ་ཆེད་ད་ཕན་ལོ་ཤས་རིང་མཚོ་སྔོན་གྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་ས་ཁུལ་ཁག་གཅིག་གི་GDPཡི་ལས་རྗེས་དཔྱད་དཔོག་རིམ་གྱིས་མེད་པར་བཟོས་ནས་ཞིང་ཆེན་ཡོངས་ཀྱི་གསུམ་ཆ་གཅིག་གི་རྒྱལ་ཁབ་ས་ཆ་བཟོ་ལས་གཏན་འགོག་གི་གསར་སྤེལ་ཁུལ་དུ་བཅུག་སྟེ་སྣོད་བཅུད་ཁོར་ཡུག་གི་གཏོར་སྐྱོན་ཚབས་ཆེན་དང་ཁོར་ཡུག་སྦགས་བཙོག་གི་ལས་འཛོལ་ཚབས་ཆེན་ཐོན་ཁུལ་གྱི་ས་ཁུལ་དང་ཚན་པའི་འགན་འཁུར་བར“སྤ་སེ་གཅིག་གི་ཁྲུ་སློག”དང“ཚེ་གང་འགན་འཁྲི་བདའ་འདེད”ལམ་ལུགས་ལག་ལེན་བསྟར་རྒྱུ་རེད།
          ཉེ་དུས་ཞིང་ཆེན་དེས་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་གྱི་ལས་བྲལ་རྩིས་བཤེར་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར་བཏོན་ཏེ་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་སྔར་བས་གནོན་ཤུགས་སྤྲད་ནས“ཐབས་ལམ་བཟང་པོ”དང“སྣོད་བཅུད་ཀྱི་ཕན་པར”བརྟེན་ཏེ་ས་གནས་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་བསྒྲུབ་པར་སྐུལ་འདེད་དང་ལྡོག་སྐུལ་གྱིས་དེ་བས་ཚན་རིག་དང་མཐུན་པའི་སྣོད་བཅུད་ལྟ་བ་དང་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།