འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྤྱི་པའི་དྲ་སྦྲེལ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་དཔྱད་ཚད་ལེན་དང་ཐག་
    གཅོད་ལ་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། བཟོ་འཕྲིན་པུའུ་ཡིས་《སྤྱི་པའི་དྲ་སྦྲེལ་དྲ་རྒྱའི་བདེ་འཇགས་ཉེན་ཁར་ལྟ་དཔྱད་ཚད་ལེན་དང་ཐག་གཅོད་བྱེད་ཐབས་》བཀྲམ་སྟེ་སྤྱི་པའི་དྲ་སྦྲེལ་ཐོག་ཡོད་པའམ་ཡང་ན་བརྒྱུད་སྤེལ་བྱས་པ་དང་སྤྱི་དམངས་ལ་གནོད་འཚེ་བཏང་བའམ་ཡང་ན་གཏོང་སྲིད་པའི་དྲ་རྒྱའི་ཐོན་ཁུངས་དང་། གནག་སེམས་ཀྱི་བྱ་རིམ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནམ་ཡང་ན་བདེ་འཇགས་དོན་རྐྱེན་ལ་ལྟ་དཔྱད་ཚད་ལེན་དང་ཐག་གཅོད་བྱས་པ་དང་འབྲེལ། དྲ་རྒྱའི་བདེ་འཇགས་ཉེན་ཁའི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བཙུགས་ཏེ་མཉམ་ཤུགས་ཆགས་པར་བྱས་ནས་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།
           དེང་སྐབས་དྲ་སྦྲེལ་དང་སྤྱི་ཚོགས་རྦད་དེ་འདྲེས་པས། དྲ་ཐོག་དང་དྲ་ཕྱིའི་དབྱེ་མཚམས་ཡལ་འགྲོ་བཞིན་ཡོད། དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་ཀྱི་གནད་དོན་གང་རུང་གིས་སྤྱི་ཚོགས་ཀྱི་རྒྱུན་གཏན་འཁོར་རྒྱུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དྲ་རྒྱའི་བདེ་འཇགས་ནི་སྤྱི་ཚོགས་ཀྱི་བདེ་འཇགས་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས། གྲོང་ཁྱེར་གྱི་བདེ་འཇགས། ཚེ་སྲོག་གི་བདེ་འཇགས་སོགས་ཁྱབ་ཁོངས་མང་པོར་ཁྱབ་འགྲོ་ཡི་ཡོད།
           བཟོ་འཕྲིན་པུའུ་ཡིས་སྤྱི་པའི་དྲ་སྦྲེལ་དྲ་རྒྱའི་བདེ་འཇགས་ཉེན་ཁར་དྲ་རྒྱར་ཕར་རྒོལ་བྱེད་པའི་གནག་སེམས་ཀྱི་IPས་ཆ་དང་། གནག་སེམས་ཀྱི་དྲ་མིང་། གནག་སེམས་ཀྱི་གློག་རྡུལ་ཆ་འཕྲིན། གནག་སེམས་ཀྱི་བྱ་རིམ་སོགས་ཚུད་པ་མ་ཟད། དྲ་རྒྱའི་ཞབས་འདེགས་དང་ཐོན་རྫས་ལ་ལྷག་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་དོན་རྐྱེན་ཡང་ཚུད་ཡོད། དེ་དག་ཏུ་འཛུལ་ཚེ་ཞབས་འདེགས་ཞུ་མཚམས་འཇོག་པ་དང་། བརྡ་རྟགས་མེད་པར་བཟོ་བ། ཆ་འཕྲིན་བརླག་པ། བརྡ་ཁྱབ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤེལ་རྒྱུ་རེད་ཅེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།