འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་འགུགས་དེ་ཚོང་འདེམས་སུ་གྱུར་ནས་ལང་ཇུའི་རྣམ་གྲངས་དོན་འཁྱོལ་ཐུབ་ཚད་ལོ་
    རེར་60%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བདུན་པར། ཀྲུང་གོའི་ལན་ཀྲོའུ་ཉོ་ཚོང་ངོ་འཕྲད་གྲོས་མོལ་འདུ་ཚོགས་སྐབས་ཉེར་གསུམ་པ་ལན་ཀྲོའུ་རུ་འཚོགས་ཤིང་། ལང་ཇུ་འགྲེམས་ཁང་ནང་གི་ཁ་སུར་དམར་པོ་དང་རྒུན་འབྲུམ་སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལ་བརྩི་མཐོང་རྒྱ་ཁྱབ་ཐོབ་ནས་རྣམ་གྲངས་ཐད་ངོ་འཕྲད་གྲོས་མོལ་བྱེད་མཁན་ཚོང་པ་དང་། མཉམ་ལས་རོགས་ཟླ་འཚོལ་མཁན་མ་འཇོག་ཀུང་སི། དེ་མིན་ཚ་བོ་འཁྲིད་དེ་ལྟད་མོ་ལྟ་བར་ཡོང་མཁན་རྒན་རྒོན་སོགས་མང་པོ་ཡོད་པ་རེད།
        “ལན་ཀྲོའུ་ངོ་འཕྲད་གྲོས་མོལ་འདུ་ཚོགས”རིང་། ལང་ཇུ་གྲོང་ཁྱེར་གྱིས་ཁྱོན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་147.4ཟིན་པའི་རྣམ་གྲངས་52བཞག་པ་དེ་དེང་རབས་ཞིང་ལས་དང་། རིག་གནས་ཡུལ་སྐོར། སྒྲིག་ཆས་བཟོ་སྐྲུན། ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་ཚགས། རྒྱུ་ཆ་གསར་པ། གསོ་རིག་སྨན་རྫས། ཚོང་དོན་ཟོག་འདྲེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། ལང་ཇུ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་སྟེགས་བུ་གསར་པ་དང་ཅུང་ཆ་ཚང་བའི་ཐོན་ལས་མ་ལག་བཏོད་ཡོད་པ་རེད། ཚོང་འགུགས་མ་འདྲེན་གྱི་གནས་སར་འབྱོར་པའི་མ་དངུལ་མྱུར་དུ་འཕར་ནས་རྒུན་འབྲུམ་ཨ་རག་ཐོན་ལས་དང་ནུས་རྒྱུ་གསར་པས་མཚོན་བྱེད་དུ་བྱས་པའི་ས་ཁོངས་ཀྱི་ཐོན་ལས་དང་གྲས་དང་ཞིང་ལས་ཐོན་ལས་ཅན་གྱི་གཙོ་ཁྲིད་ཐོན་ལས་རགས་ཙམ་ཆགས་ཡོད་པ་རེད། 2004ལོར་ཧྲན་ཏུང་ཝེ་ལུང་ཚོགས་པས་ཀན་སུའུ་ཝེ་ལུང་སྐྱེ་ལྡན་རྒུན་འབྲུམ་ཨ་རག་ཚད་ཡོད་ཀུང་སི་བཙུགས་ནས་རྒུན་འབྲུམ་ཨ་རག་གི་རྒྱུ་ཆ་འདེབས་འཛུགས་སྙོལ་བཟོ་དང་རྒུན་འབྲུམ་ཨ་རག་གི་རོ་བཅུད་མྱོང་བའི་ཡུལ་སྐོར་ཟུང་འབྲེལ་བྱེད་སྟངས་གསར་གཏོད་བྱས་པ་དང་། 2008ལོར་ལེང་ཀྲོའུ་ཆུས་སུ་ཆེད་དུ་རྒུན་འབྲུམ་འདེབས་འཛུགས་བཟོ་གྲྭ་ཞིག་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཝེ་ལུང་ཚོགས་པ་ཕུད་མོ་ཀའོ་ཚོགས་པ་སོགས་ཨ་རག་ལས་རིགས་ཚོགས་པས་ཀྱང་ལང་ཇུར་རྟེན་གཞི་ཨ་རག་སྙོལ་ཁང་བཙུགས་ཡོད་པ་རེད།
         ཁྲལ་སྲུང་ཟོག་འདྲེན་ལྟེ་གནས་ལ་བརྟེན་ནས་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་ཕྱོགས་སུ་སྐྱོད་པའི“གནམ་རྟ”རྟགས་ཅན་གྱི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་གཏོང་འགོ་ཚུགས་ཤིང་། ད་བར་དུ་ཐེངས་110བཏང་བ་དང་། དེ་གའི་ཁེ་ལས་ཁག་གི་ཟོག་འདྲེན་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་ནས་ཉོ་ཚོང་དུས་ཚད་ཐུང་དུ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ། ཁེ་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཅས་ཕྱིན་ཡོད་པ་རེད།
         དཔྱད་གཞིའི་ཐོག་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཚོང་འགུགས་མ་འདྲེན་རྣམ་གྲངས་2546ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་3759དོན་འཁྱོལ་བྱུང་ནས་ལོ་རེར་ཆ་སྙོམས་60%འཕར་ཡོད་པ་དང་། 2016ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་ཁྱོན་རྣམ་གྲངས་1165ལག་བསྟར་བྱས་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2919ཟིན་པ་ལས་སྒོར་དུང་ཕྱུར་978དོན་འཁྱོལ་བྱུང་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྣམ་གྲངས་གཙོ་བོ་636འཆར་འགོད་བྱས་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་5411ཟིན་པ་རེད། རྣམ་གྲངས་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་གཉིས་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལང་ཇུའི་དཔལ་འབྱོར་འཕར་ཚད་མཐོ་རུ་གཏོང་བའི་སྒུལ་ཤུགས་གཙོ་བོར་འགྱུར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།