འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གདོང་མཆོང་དུང་བརྡ་གྲགས་པ།

    2016ལོའི་ལོ་མཇུག་བར་སྒྱུར་བཅོས་ཀྱི་ལས་འགན་ཁག་256ནས་ལས་འགན་ཁག་102ལེགས་གྲུབ་བྱུང་བ་དང་འདི་ལོ་107འགྲུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           2013ལོའི་ཟླ་11པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ནུབ་རྒྱུད་ཀྱི་ཞིང་ཆེན་ཆེ་གྲས་ཡིན་པའི་སི་ཁྲོན་གྱིས་གོམ་ཞེང་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་བསྙེགས་ཏེ་ནུབ་རྒྱུད་ཐོན་འབྱེད་དང་སྒོ་དབྱེའི་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱེད་པར་འགག་རྩ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་ཡོད། 2014ལོའི་ཟླ་2པར་སི་ཁྲོན་ཞིང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།
           འདི་ལོའི་ཟླ་1ཚེས་18ཉིན་གྱི་སྔ་དྲོ། ཁྲེང་ཏུའུ་རུ་སྔར་དང་མི་འདྲ་བའི་སྒོ་བྱང་སྤྲོད་པའི་མཛད་སྒོ་ཞིག་འཚོགས་ཤིང་། བཙུགས་ནས་ལོ་མང་སོང་བའི་སི་ཁྲོན་ཞིང་ཆེན་ཚོང་ལས་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་གཙོ་སྐྱོང་བའི་ལག་ནས་ཀུང་སིའི་ད་ཡོད་ཀྱི་མིང་དང་གཅིག་མཚུངས་ཀྱི་སྒོ་བྱང་གསར་པ་ཞིག་བླངས་ཤིང་། “མིང་གཅིག་པ་ཡིན་ཡང་ནང་དོན་འདྲ་ཡི་མ་རེད། སྒོ་བྱང་སྤྲད་པ་བརྒྱུད་སི་ཁྲོན་ཚོང་ལས་མ་འཇོག་ཚོགས་པ་བསྐྱར་སྒྲིག་ཐེངས་གཉིས་པ་བྱུང་ནས་དངོས་ཟོག་ཚོགས་པ་དང་ཕྱི་ཚོང་ཚོགས་པ་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་4ཚང་མ་ཟླ་སྒྲིལ་བཏང་ནས་ཕྱི་ཚོང་ཚོགས་པའི་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་དང་དབུལ་སྒྲོལ་སྟོབས་ཆེ་ཡོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
           སི་ཁྲོན་ཚོང་ལས་མ་འཇོག་ཚོགས་པའི“དོན་ཆུང”དེ་ཐོག་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་བཀོད་པ་ཆེ་མོ་མངོན་ཞིང་། ལོ་3ལྷག་ཙམ་རིང་སི་ཁྲོན་གྱིས་གཞུང་ཁོངས་མ་རྩའི་བཀོད་པ་ཟམ་མི་ཆད་པར་ལེགས་སུ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་། རྒྱུ་ནོར་བདག་དབང་སྣེ་མང་ཅན་ལ་ཚད་བརྒལ་གསར་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྡོམ་སྒྲིག་གཞི་སྔར་བས་འཐུས་ཚང་བཅས་ཡོང་བའི་དམིགས་ཚད་ཆེ་མོ་བཞིར་དམིགས་ཏེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་ཤུགས་ཆེན་བཏང་ཡོད།
           ཞིང་པའི་ངོས་ནས་བརྗོད་ན་ཐོབ་ཚོར་ནི་དངུལ་ཁུག་ལྗིད་ཏིག་ཏིག་ཡོང་བ་བྱ་རྒྱུ་དེ་རེད། ན་ནིང་སི་ཁྲོན་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་བྱེད་པའི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱས་པ་དེའི་ལས་ཀའི་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཚན་ཞིབ་མི་སྣའི་ངོས་ནས་བརྗོད་ན་ཐོབ་ཚོར་ནི་གྲུབ་འབྲས་རྣམས་གཞན་སྒྱུར་ལམ་ལྷོངས་བྱུང་བའི་ཚོར་སྣང་དེ་རེད། ན་ནིང་ཞིང་ཆེན་ཚན་རྩལ་ཐིང་སོགས་སྡེ་ཚན་གྱིས་མཐོ་སློབ་སློབ་གླིང་གི་གཙོ་གནད་ཚན་ཞིབ་གྲུབ་འབྲས་ཁག་3009བརྒྱུད་རིམ་ལྡན་པའི་ངང་མཐིལ་རྟོགས་གསེད་བཀྲོལ་བྱས་པ་དང་། གྲུབ་འབྲས་གཞན་སྒྱུར་གྱི་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་འདོད་འདུན་གན་རྒྱའི་རྣམ་གྲངས་ཁག་1000ལྷག་ཙམ་འཇོག་རྒྱུར་སྐུལ་འདེད་བཏང་བར་གན་འཇོག་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར་400ཟིན་ཡོད། 
          གསར་འགོད་པས་སི་ཁྲོན་ཞིང་ཨུད་སྒྱུར་བཅོས་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་37པའི་ཐོག་གྲོས་ཞིབ་དང་གྲོས་འཆམ་བྱུང་བའི་ཆེད་དོན་སྒྱུར་བཅོས་ཇུས་གཞི་236ཡོད་པའི་ནང་སི་ཁྲོན་དང་སྦྲེལ་མཐུད་བྱེད་དགོས་པ་198ཡོད་པ་དེ་དག་མིག་སྔར་ཚང་མ་སྦྲེལ་མཐུད་བྱེད་ཁོངས་ནང་བཅུག་ཡོད།
          ལོ་3ལྷག་ཙམ་རིང་། སི་ཁྲོན་གྱིས་ཞིང་ཨུད་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། ཞིང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། ཆེད་དོན་ཚོགས་ཆུང་ཁག་གི་ཚོགས་འདུ་བཅས་ཀྱི་ཐོག་ཁྱོན་ཆེད་དོན་སྒྱུར་བཅོས་ཇུས་གཞི་ཁྱོན་350ལྷག་ཙམ་གྲོས་ཞིབ་བྱས་ནས་བཏོན་པའི་ཁྲོད། ཞིང་ཨུད་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཆེད་དོན་སྒྱུར་བཅོས་ཇུས་གཞི་150གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྒྱུར་བཅོས་བྱས་རྗེས་ཀྱི་ལོ་གསུམ་རིང“རྨང་གཞི་བརྟན་གཏོང་དང་ལས་སྟེགས་གཏོད་པ་དང་། ཀ་བ་འཛུགས་པ་དང་གདུང་མ་སྒྲིག་པ། སྒྱུར་བཅོས་ཀྱི་སྒྲོམ་གཞི་གཙོ་བོ་འཛུགས་པ”བཅས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་། ན་ནིང་ལོ་མཇུག་བར་ཞིང་ཨུད་ཀྱིས་ཆེད་དོན་སྒྱུར་བཅོས་ལས་འགན་256ནང་ནས་102ལེགས་པར་བསྒྲུབས་པ་དང་འདི་ལོ་107བསྒྲུབ་རྒྱུ་ཡིན་པ་དེ་ནི་སྒྱུར་བཅོས་ཀྱི་སྤྱིའི་འཕེལ་རིམ་གྱི་བླང་བྱ་དང་འཚམ་པ་ཞིག་ཡིན་པ། ཆེད་དོན་སྒྱུར་བཅོས་ཀྱི་ཆེད་དོན་ཇུས་གཞི་31ནང་གཏན་འཁེལ་བྱས་པའི་ལས་འགན་གཞི་རྩའི་ཆ་ནས་བསྒྲུབས་ཟིན་པ་མ་ཟད་རྩིས་ཐོ་ཡང་བསུབས་ཡོད།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིང་ཧྥུང་དང་། ཀྲང་ཝུན། སུང་ཧའོ་ཤིན་བཅས་ཀྱིས། 
      

    ཕྱོགས་བསྡུས་གསར་འགྱུར།