འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཁེར་གྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་ཞུགས་འདོད་ཡོད་
    ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་11ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མོ་ཁེར་གྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་ཞུགས་འདོད་ཡོད་
ཅེས་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་འཇར་མན་སྲིད་གཞུང་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་ཐད་ཀར་ཞུགས་འདོད་ཡོད་པ་མ་ཟད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་ཐབས་དཔྱད་གཞིར་བཟུང་སྟེ་ཐག་གཅོད་བྱས་ཆོག་ཅེས་བཏོན་པ་རེད།
         མོ་ཁེར་གྱིས་ཉིན་དེར་འཇར་མན་གྱི་《ཧྥ་རན་ཁོ་ཧྥུའི་ཉེན་རེའི་ཚགས་པ་》ཡི་བཅར་འདྲི་དང་ལེན་བྱེད་དུས“ (རྒྱལ་སྤྱིའི་སྤྱི་ཚོགས་)ཀྱིས་ང་ཚོ་དེའི་ནང་ཞུགས་རྒྱུའི་རེ་བ་བྱེད་དུས་ངས་ལམ་སེང་མོས་མཐུན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
         མོ་ཁེར་གྱིས་དབྱི་རན་གྱི་ཉིང་རྡུལ་ཐག་གཅོད་བྱེད་པའི་སྐབས་སུ། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་རྒྱལ་ཁབ་དྲུག་གིས་དབྱི་རན་དང་“དུས་ཡུན་རིང་ཞིང་གལ་ཆེ་བའི་ཕྱི་འབྲེལ་གྲོས་མོལ་རིང་པོ་བྱས་རྗེས། འདས་པའི་ལོ་འགའི་ནང་དུ་མཇུག་འབྲས་ཆེན་པོ་ཐོབ་ཡོད” ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་བྱ་ཐབས་འདི་དཔྱད་གཞིར་བཟུང་ཆོག་པ་དང་། འཇར་མན་གྱིས་དེའི་ནང་དུ་ཞུགས་རྒྱུའི་གྲ་སྒྲིག་ལེགས་པོ་བྱ་དགོས་ཞེས་བཤད་པ་རེད།
         འདས་ཟིན་པའི་གཟའ་འཁོར་གཅིག་གི་ནང་དུ། མོ་ཁེར་གྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་སྐོར་ཧྥ་རན་སེ་དང་། ཀྲུང་གོ ཁོ་རེ་ཡ་ལྷོ་མ། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་དང་ཁ་པར་བརྒྱབ་སྟེ་འབྲེལ་གཏུག་བྱས་པ་རེད། ཁོང་གིས་ཁོ་རེ་ཡ་བྱང་མས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་བ་དེས་ཁོ་རེ་ཡ་ལྷོ་མ་དང་ཉི་ཧོང་ལ་ཤུགས་རྐྱེན་ཐེབས་ནས་ཁོ་ཚོས་ཀྱང་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གིས་གསར་གཏོད་བྱེད་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད་པས། ཁོང་མོས་ཞི་བའི་གྲོས་མོལ་གྱིས་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཅངས་ནས་ཁོ་རེ་ཡ་བྱང་མར་བཀག་སྡོམ་བྱ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། ཚེས་11ཉིན་མོ་ཁེར་གྱིས་ད་དུང་ཨུ་རུ་སུའི་ཙུང་ཐུང་དང་དེའི་སྐོར་ཁ་པར་གཏོང་རེས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།