འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིམ་གསུམ་སྨན་ཁང་80%རུ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་བཅུ་ཆ་བརྒྱད་ཀྱི་རིམ་གསུམ་སྨན་ཁང་གིས་ཐབས་ལམ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་རྫོང་ཁོངས་སུ་སྨན་པ་བསྟེན་ཚད་82.5%ཟིན་ཡོད་པ་རེད། 2017ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིས་གཞི་རིམ་དུ་བསྐྱོད་ནས་ནད་པའི་ནད་གཞི་བཅོས་ཚད་མི་ཐེངས་ཁྲི་239.6ཟིན་པ་དེ་2016ལོའི་ལོ་ཧྲིལ་པོའི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
           དེ་ནི་གསར་འགོད་པས་ཟླ་9ཚེས་1ཉིན་ཧྲེན་ཀྲེན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་གི་ས་ཆ་དངོས་ཀྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་རེད།
          ད་ཐེངས་ཀྱི་ཚོགས་འདུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཞུང་དོན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་ཞིག་རེད། ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཟླ་6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་1764ལ་ཐབས་ལམ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་གི་ལས་དོན་སྤེལ་བ་དེས་རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་གི་80%བཟུང་ཡོད། ཅང་སུའུ་དང་། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས་སོགས་ཞིང་ཆེན་8ཀྱི་རིམ་གསུམ་སྨན་ཁང་90%ལྷག་ཙམ་ཞུགས་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཡོད་པ་རེད།
          སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནུས་པ་དང་ཕན་འབྲས་རིམ་བཞིན་མངོན་གསལ་དོད་པ་དང་གཞི་རིམ་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་ཅིང་། 2017ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རྫོང་ཁོངས་སུ་སྨན་པ་བསྟེན་ཚད་82.5%ཟིན་པ་དེ་2016ལོའི་ལོ་མཇུག་དང་བསྡུར་ན་2.1%འཕར་ཡོད། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་ནད་པར་ཚད་ལྡན་ཅན་གྱི་སྨན་བཅོས་དང་དོ་དམ་བྱེད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད་པ་རེད།
             ཕྱོགས་གཉིས་ཀྱི་གཞན་སྒྱུར་སྨན་བཅོས་བྱེད་པའི་རྣམ་པ་རིམ་བཞིན་ཆགས་ནས་གཞི་རིམ་གྱི་སྨན་ཁང་དུ་ནད་གཞི་བསྟེན་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅིང་། 2017ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིས་གཞི་རིམ་གྱི་སྨན་ཁང་དུ་ནད་གཞི་བསྟེན་ཚད་མི་ཐེངས་ཁྲི་239.6ཟིན་ནས་2016ལོའི་ལོ་ཧྲིལ་པོའི་ཆུ་ཚད་ལས་མཐོ་བ་ཡོད། རིམ་གསུམ་དང་རིམ་གཉིས་གཞུང་བཙུགས་སྨན་ཁང་གི་སྨན་པ་གཞི་རིམ་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་བསྐྱོད་ནས་སྨན་བཅོས་བྱེད་པའི་སྨན་ཁང་དུ་སྡོད་པའི་ནད་པའི་བསྡུར་གྲངས་བཟུང་ཚད་དེ་2016ལོ་ལས་0.6%དང་0.5%ཟིན་ནས་0.9%དང་0.7%བར་འཕར་ཡོད་པ་རེད།
           གཞན་ཡང་སྤུས་ལེགས་ཐོན་ཁུངས་སྔར་བས་མཉམ་འགུལ་ཐུབ་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་སྣེ་ཁྲིད་སྨན་ཁང་གིས་གཞི་རིམ་དུ་ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣ་མུ་མཐུད་མངགས་ཡོད་ལ་གཞི་རིམ་སྨན་དོན་མི་སྣ་གོང་རིམ་སྨན་ཁང་དུ་གཟབ་སྦྱོང་སློབ་སྦྱོང་བྱེད་པར་སྐྱོད་པའི་མི་གྲངས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲོང་མིའི་ཐོབ་ཚོར་སྔར་བས་ཆེ་རུ་ཕྱིན་ནས་གྲོང་མི་80%ཡན་སྐར་མ་15ཡི་ནང་ཚུན་དུ་ཐག་ཉེ་ཤོས་ཀྱི་སྨན་བཅོས་ས་ཚིགས་སུ་འབྱོར་གྱི་ཡོད། ས་ཁུལ་ཁག་གཅིག་གི་གྲོང་མི་གཟའ་འཁོར་གཉིས་ནང་ནད་གཞི་ཕོག་སྐབས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཐོག་མར་འདེམས་པའི་བསྡུར་ཚད་60%ལྷག་ཙམ་ཟིན་ནས་མང་ཚོགས་ཉེ་འཁོར་དུ་སྨན་བཅོས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།