འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་འཛད་སྤྱོད་པ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་ཐེན་ཅིན་གྱིས་ཡོངས་བསྒྲགས་བྱས་པའི་《ཀྲུང་གོའི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་གྱི་འཕེལ་རྒྱས་སྙན་ཞུའི་》ནང་རང་རྒྱལ་གྱི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་འཛད་སྤྱོད་པ་མང་དུ་འགྲོ་བཞིན་པའི་རྣམ་པ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།
            སྙན་ཞུ་འདི་ནི་པོ་ཀོན་ཀྲི་ཡོན་རིག་མཛོད་ཆུང་གྲས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་དང་ཀྲུང་གོའི་ཕྱིར་སྐྱོད་འཐབ་ཇུས་མནའ་འབྲེལ་གྱི་དྲུང་ཆེ་གཞོན་པ་ལེང་ཆང་གིས་ཀྲུང་གོ་(ཐེན་ཅིན)ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ལ་ཡོངས་བསྒྲགས་བྱས་པ་ཞིག་རེད།
           སྙན་ཞུའི་ནང་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་འཛད་སྤྱོད་པའི་ནང་རྐང་ཐང་མར་སྐྱོད་ནས་ལོ་གཅིག་ནས་ལོ་གསུམ་བར་ཕྱིན་པ་མང་ཤོས་ཡིན་པ་དེས་31%ཟིན་ཡོད་པ་དང་། དེ་མིན་ཚང་མ་ལོ་གཅིག་ཟིན་མེད་པ་དེས་24%ཟིན་ཡོད། རྐང་ཐང་མར་སྐྱོད་ནས་ལོ་6དང་དེ་ཡན་སོང་བ་དེས་22%ཟིན་ཡོད། གྲངས་གཞི་འདི་དག་གི་ཐོག་ནས་རྐང་ཐང་མར་སྐྱོད་པའི་འཛད་སྤྱོད་པ་ཁྱོན་ཡོངས་ནས་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་ན་གཞོན་དཔུང་ཁག་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་གསལ་བཤད་ཐུབ་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
           གྲངས་གཞི་ལས་མངོན་པར་གཞིགས་ན། རང་རྒྱལ་དུ་ལུས་རྩལ་འགུལ་སྐྱོད་ལ་ཞུགས་མཁན་མི་དུང་ཕྱུར་3.8ཡོད་པ་དང་མི་དུང་ཕྱུར་1.3རྐང་ཐང་མར་སྐྱོད་པའི་ལུས་རྩལ་དང་སྤྲོ་གསེང་སོགས་ཁྱབ་ཁོངས་ཀྱི་སྤྲོ་གསེང་ཕྱི་རོལ་ལུས་རྩལ་ལ་ཞུགས་ཡོད་པ་རེད།
           སྙན་ཞུའི་ནང་གྲངས་གཞིའི་དབྱེ་ཞིབ་ལས་མངོན་པར། རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་འཛད་སྤྱོད་པས་ཤེས་འདོད་ཆེ་ཤོས་བྱེད་པའི་ཆ་འཕྲིན་དང་པོ་ནི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་གྱི་ལམ་ཐིག་ཡིན་པ་དེས་བསྡུར་ཚད་30.46%བཟུང་བ་དང་། གཉིས་པ་ནི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་གྱི་ངོ་སྤྲོད་ཡིན་པ་དེས་བསྡུར་ཚད་26.1%བཟུང་བ། གསུམ་པ་ནི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་དང་འབྲེལ་ཡོད་ཤེས་བྱ་དང་རྩལ་ནུས་སོགས་ཀྱི་ཆ་འཕྲིན་ཡིན་པ་དེས་བསྡུར་ཚད་24.16%བཟུང་ཡོད་ཅེས་བསྟན་ཡོད་པ་རེད།
          སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་གྱི་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་འཛད་སྤྱོད་པ་ཁྱབ་ཚུལ་ཐད་ཤར་རྒྱུད་ཐོན་ཡུལ་ཡིན་པ་དང་། ནུབ་རྒྱུད་དང་བྱར་ཤར་རྒྱུད་ནི་དམིགས་སའི་ཁུལ་ཡིན་པའི་རྣམ་པ་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།