འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་རྒྱ་བཅའ་ཁྲིམས་སྐད་ཡིག་གི་ཆེད་ལས་ཚིག་མཛོད་ཐོག་མ་སྟེ་《འཇར་རྒྱ་བཅའ་ཁྲིམས་
    ཚིག་མཛོད་》འཇར་མན་དུ་པར་ཕུད་འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འཇར་རྒྱ་བཅའ་ཁྲིམས་སྐད་ཡིག་གི་ཆེད་ལས་ཚིག་མཛོད་ཐོག་མ་《འཇར་རྒྱ་བཅའ་ཁྲིམས་ཚིག་མཛོད་》དེ་ཚེས་8ཉིན་འཇར་མན་གྱི་པེར་ལིན་དུ་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་གཉེར་བ་རེད།
          གཞི་ཁྱོན་འབྲིང་གྲས་ཡིན་པའི་ཚིག་མཛོད་དེའི་ནང་འཇར་མན་གྱི་བཅའ་ཁྲིམས་ཁྱབ་ཁོངས་ཀྱི་ཆེད་ལས་ཐ་སྙད་དང་ཚིག་ཚོགས་ཁག་21000བསྡུ་རུབ་བྱས་ནས་བཅའ་ཁྲིམས་ཀྱི་རིག་ཚན་མི་འདྲ་བ་ཚུད་ཡོད། ཚིག་མཛོད་ཀྱི་རྩོམ་པ་པོ་རེ་ཨར་མན་མཁས་དབང་ཀྲོའུ་ཧེང་ཞང་གིས་ཚིག་མཛོད་དེ་ཉིད་དཔེ་སྐྲུན་བྱས་པ་དེས་དེ་གོང་འཇར་མན་གྱི་བཅའ་ཁྲིམས་ཀྱི་ཆེད་ལས་ཐ་སྙད་མང་པོ་ཚིག་མཛོད་ནང་མེད་པའམ་ཡང་ན་འཇར་རྒྱའི་ཚིག་མཛོད་ཁག་གཅིག་ནང་བཅའ་ཁྲིམས་ཀྱི་ཐ་སྙད་ཐར་ཐོར་ལས་མེད་པ་དང་འགྲེལ་བཤད་གསལ་པོ་མེད་པའི་གནད་དོན་ལེགས་བཅོས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སློབ་གསོ་ཁྲུའི་གཞུང་ཚབ་ཚན་ཙན་ལིའུ་ལི་ཤིན་གྱིས་ཚིག་མཛོད་ནང་རྩོམ་པ་པོ་ཉིད་གཞུང་གིས་མངགས་གཏོང་བྱས་པའི་མི་རབས་རྒན་གྲས་ཀྱི་ཕྱི་སྦྱོང་སློབ་མ་ཞིག་ཡིན་པའི་ངོས་ནས་ཆེད་ལས་ཀྱི་སྙིང་བཅུད་གཅིག་ཏུ་འདུས་ཏེ་རྒྱལ་ནང་གི་ཀྲུང་འཇར་བཅའ་ཁྲིམས་སྤེལ་རེས་བྱ་གཞག་ཐད་གཞོལ་མཁན་སློབ་མ་ཚོར་དཔྱད་གཞི་མཁོ་འདོན་དང་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
          འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ཆབ་སྲིད་ཁྲུའུ་ཡི་གྲོས་ཚོགས་ཀྱི་སྤེལ་རེས་དང་བཅའ་ཁྲིམས་མཉམ་ལས་ཀྱི་འགན་འཁུར་མཁན་ཚན་ཙན་ཅ་ཧུང་མའེ་ཡིས་ཀྲུང་གོ་དང་འཇར་མན་དབར་གྱི་བཅའ་ཁྲིམས་སྤེལ་རེས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་སྒྱུར་དོན་གསལ་འགྲེལ་གནད་འཁེལ་བྱུང་བ་དང་ཉེར་སྤྱོད་རང་བཞིན་ཆེ་བའི་ཚིག་མཛོད་དེས་སྒྲོག་ཐག་གི་ནུས་པ་འདོན་ཐུབ་རྒྱུའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།