འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྔོན་རྩིས་ལྟར་ན་དུས་ཚིགས་གསུམ་པར་གོ་ལ་ཧྲིལ་པོའི་
    ཉོ་ཚོང་འོས་འཚམ་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་དར་རྒྱས་སྟོན་གྲངས་གསར་ཤོས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། སྔོན་རྩིས་ལྟར་ན་འདི་ལོའི་དུས་ཚིགས་གསུམ་པར་གོ་ལ་ཧྲིལ་པོའི་ཉོ་ཚོང་འོས་འཚམ་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད།
            སྙན་ཞུའི་ནང་འཁོད་གསལ། འདི་ལོའི་དུས་ཚིགས་གསུམ་པར་གོ་ལ་ཧྲིལ་པོའི་ཉོ་ཚོང་དར་རྒྱས་སྟོན་གྲངས་102.6ཡིན་པས་2011ལོའི་ཟླ་4པ་ཚུན་གྱི་སྟོན་གྲངས་མཐོ་ཤོས་དེ་ཡིན་པ་ལས་གོ་ལ་ཧྲིལ་པོའི་ཉོ་ཚོང་མུ་མཐུད་སླར་གསོ་ཡོང་བཞིན་པ་མཚོན་གྱི་ཡོད་པ་རེད།
            ཞིབ་ཕྲའི་ཆ་ནས་བཤད་ན། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་བྱེད་མང་དུ་འགྲོ་བ་དང་བསྟུན་ནས་དར་རྒྱས་སྟོན་གྲངས་ཁྲོད་མཁའ་ཐོག་དངོས་ཟོག་སྐྱེལ་འདྲེན་དང་། ཕྱིར་གཏོང་མངགས་ཐོ། དོས་སྒམ་སྐྱེལ་འདྲེན་བྱེད་ཚད་སོགས་དང་འབྲེལ་བ་ཡོད་པའི་གྲངས་གཞི་འཕར་ཤུགས་ཆེ་བ་དང་། གློག་རྡུལ་གྱི་ལྷུ་ལག་གཙོ་གྲས་དང་ཞིང་ལས་རྒྱུ་ཆ་དང་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་ཉོ་ཚོང་སྟོན་གྲངས་ཀྱང་མི་ཆག་པར་བསྐྱར་འཕར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།