འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དམངས་ཁྲོད་མཛའ་གྲོགས་
    ཚོགས་ཆེན་ཐོག་《ཤན་ལིའི་བསྒྲགས་གཏམ་》ལ་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན།  སྐབས་11པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དམངས་ཁྲོད་མཛའ་གྲོགས་ཚོགས་ཆེན་ཚེས་8ཉིན་ཁམ་ཕུ་ཁྲེའི་ཤན་ལི་གྲོང་ཁྱེར་དུ་གྲོལ་བ་དང་འབྲེལ། 《ཤན་ལིའི་བསྒྲགས་གཏམ་》ལ་གྲོས་འཆམ་བྱུང་བ་རེད།
           བསྒྲགས་གཏམ་ནང་། སྐབས་འདིའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དམངས་ཁྲོད་མཛའ་གྲོགས་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་གི་འཐུས་མིས“དམངས་སེམས་གཅིག་སྒྲིལ་ལ་ཤུགས་སྣོན་དང་ཞི་བདེ་མཉམ་ལས་སྲུང་སྐྱོང”བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་ཡོད་པ་རེད།
          བསྒྲགས་གཏམ་ནང་། ཕྱོགས་ཁག་གིས་2018ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བ་གོ་སྐབས་སུ་བྱས་ནས་འཐབ་ཇུས་འབྲེལ་གཏུག་སྔར་བས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་དེ་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ཀ་རྟེན་ཆེན་པོ་ཨང་གསུམ་པ་དེར་བཏོད་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
           བསྒྲགས་གཏམ་ནང་། ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”གི་སྐམ་ས་དང་རྒྱ་མཚོའི་འབྲེལ་མཐུད་ཁུལ་དུ་གནས་པ་དང་དེ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྔོན་སྒྲུབ་ཁ་ཕྱོགས་དང་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་འཕེལ་རྒྱས་ཀྱི་འཆར་འགོད་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་འབྲེལ་མཐུད་དང་ཐོན་ནུས་མཉམ་ལས་གཏིང་ཟབ་བྱས་ཏེ་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་མཉམ་འདྲེས་སོགས་འབྲེལ་ཡོད་མཉམ་ལས་ཁྱབ་ཁོངས་སུ་འབྲེལ་ཟམ་འཛུགས་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།