འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གིས་དབྱར་རྩྭ་དགུན་འབུ་ཐོན་ཁུལ་ལ་
    སྲུང་སྐྱོང་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོར་རྒྱུན་མཐུད་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དུ་སྤེལ་བཞིན་ཡོད་ཅིང་། སྲུང་སྐྱོང་བྱ་སྤྱོད་དེས་ལྟ་ཞིབ་ཚད་ལེན་གྱི་རྟེན་གཞི་རྨང་གཞིར་བྱས་ནས་རྨ་ཆུའི་ཆུ་འགོ་ནས་དབྱར་རྩྭ་དགུན་འབུ་ལུགས་མཐུན་ངང་འཐུ་རྒྱུ་ཁྱབ་གདལ་བཏང་བ་རེད།
           མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནི་ཀྲུང་གོའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གལ་ཆེན་ཞིག་ཡིན་པ་དང་ལོར་དབྱར་རྩྭ་དགུན་འབུ་ཐོན་ཚད་ཞིང་ཆེན་དེའི་ཐོན་ཚད་བསྡོམས་འབོར་གྱི་60%ཡན་ཟིན་གྱི་ཡོད། དེའི་ཁྲོད་རྨ་ཆུའི་ཆུ་འགོར་གནས་པའི་ཆུ་དམར་ལེབ་རྫོང་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་གྲས་ཤིག་རེད།
           “ཉམས་མྱོང་ལ་གཞིགས་ན། དེ་སྔ་དབྱར་རྩྭ་དགུན་འབུ་ཐོན་ཁུལ་དུ་ད་ཆ་(རྨ་ཆུའི་ཆུ་འགོའི་ཁུལ)དབྱར་རྩྭ་དགུན་འབུ་ཐོན་ཚད་རིམ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་སྔ་དབྱར་རྩྭ་དགུན་འབུ་མི་སྐྱེ་བའི་ས་ཁོངས་སུ་ད་ཆ་དབྱར་རྩྭ་དགུན་འབུ་ཐོན་གྱི་ཡོད”“དབྱར་རྩྭ་དགུན་འབུ་སྐྱེ་བར་གནམ་གཤིས་དང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་མིའི་རིགས་ཀྱི་བྱེད་སྒོ་ལས་ཀྱང་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་འགན་འཁུར་བས་བརྗོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཡུག་ཁུལ་དེའི་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་གྱི་རྟེན་གཞི་དེ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་གཡོད་ཆིང་ལུང་ཤུར་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་4200ལས་བརྒལ་ཞིང་། རྒྱ་ཁྱོན་མུའུ་14.38ཟིན་གྱི་ཡོད། དེ་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡིས་ཆུ་དམར་ལེབ་གཞུང་ཕྱོགས་དང་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་ཞིང་། དུས་འགོར་བརྟག་དཔྱད་དང་ཚོད་རྩིས་བྱས་པར་གཞིགས་ན། སྨི་ངོས་གྲུ་དགུ་རེར་དབྱར་རྩྭ་དགུན་འབུ་རྐང་རེ་སྐྱེ་ཡི་ཡོད་པས་སླད་ཕྱིན་ལོ་ལྔའི་རིང་ས་ཁོངས་དེར་སྲུང་སྐྱོང་བྱས་ནས་དབྱར་རྩྭ་དགུན་འབུ་སྐྱེ་བའི་དུས་ཚོད་རིང་དུ་གཏོང་བ་དང་དུས་མཚུངས་ཐོན་ཁུངས་ཀྱི་ཁ་གསབ་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།