འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་གཟི་ཚ་སྡེ་དགུ་རུ་ས་ཡོམ་རིམ་པ་7.0བྱུང་བ་དང་ཁང་པ་གས་ནས་རྡིབ་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་གྱི་གཟི་ཚ་སྡེ་དགུ་རུ་ས་ཡོམ་རིམ་པ་7.0བྱུང་བ་དང་ཁང་པ་གས་ནས་རྡིབ་སྐྱོན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་བྱས་པ་ལས་ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ཐོག སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་33.20དང་ཤར་གྱི་གཞུང་ཐིག་ཏུའུ་103.82)དུ་ས་ཡོམ་རིམ་པ་7.0བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་20ཡོད་པ་རེད། 
         གཟི་ཚ་སྡེ་དགུའི་ཡུལ་སྐོར་ཁུལ་གྱི་ལས་བྱེད་མི་སྣ་སངས་རྒྱས་ཀྱིས་ཁ་པར་ནང་གསར་འགོད་པར། ཁོང་གིས་མཛེས་ལྗོངས་ཁུལ་གྱི་རོང་རྫ་རོང་ཤུར་ནས་ཁང་པ་གས་ཤིང་རྡིབ་སྐྱོན་བྱུང་ཡོད་པ་དང་། ཡུལ་མི་རྣམས་ཁ་འགྲེམ་བྱེད་བཞིན་ཡོད་པ་མཐོང་ཞེས་བཤད་པ་རེད།
    ༄༅།།སི་ཁྲོན་གྱི་གཟི་ཚ་སྡེ་དགུ་རུ་ས་ཡོམ་རིམ་པ་7.0བྱུང་བ་དང་ཁང་པ་གས་ནས་རྡིབ་སྐྱོན་བྱུང་བ།
    ༄༅།།སི་ཁྲོན་གྱི་གཟི་ཚ་སྡེ་དགུ་རུ་ས་ཡོམ་རིམ་པ་7.0བྱུང་བ་དང་ཁང་པ་གས་ནས་རྡིབ་སྐྱོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།