འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་སི་ཁྲོན་བོད་རིགས་ས་ཁུལ་དུ་བསྐྱོད་ནས་བོད་ཀྱི་གདོད་མའི་སྣོད་
    བཅུད་ཀྱི་རིག་གནས་ཉམས་ལེན་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི“ཀྲུང་གོར་ཉམས་ལེན་བྱེད། 2017ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་སི་ཁྲོན་དུ་སྐྱོད”ཅེས་པའི་བྱེད་སྒོ་མཇུག་འགྲིལ་བ་རེད། བྱེད་སྒོ་སྤེལ་རིང་ཨུ་རུ་སུ་དང་། རྒྱ་གར། དབྱི་རན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་10ཡི་སི་ཁྲོན་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མ་20དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་རུ་བསྐྱོད་དེ་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱས་ཡོད་ལ། སྣ་མང་ཕུན་སུམ་ཚོགས་པའི་བོད་རིགས་དང་ཆའང་རིགས་ཀྱི་རིག་གནས་ཉམས་ལེན་ཡང་བྱས་པ་རེད།
           དར་རྩེ་མདོར་སྐྱོད་པའི་ལམ་བར་དུ་ཨུ་རུ་སུའི་ཕྱི་སྦྱོང་སློབ་མ་ཏན་ཉིར་གྱིས་ལག་ཐོགས་ཁ་པར་ལ་ལྟ་བཞིན་དུ་《དར་མདོའི་མཛའ་གཞས་》བཏང་ཞིང་། ཏན་ཉིར་གྱིས་དེ་ནས་མ་ཐོན་གོང་དགོང་མོ་དར་མདོའི་མཛའ་གཞས་ཐང་ཆེན་དུ་《དར་མདོའི་མཛའ་གཞས་》སྦྱོང་རྒྱུ་ཡིན་པ་ཤེས་བྱུང་བས་ངས་དྲ་ཐོག་ནས་གླུ་གཞས་འདི་ཕབ་ལེན་བྱས་པ་དང་འབྲེལ་གཞས་ཚིག་ལ་རྒྱ་ཡིག་གི་སྒྲ་སྦྱོར་བཀོད་པ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།
          ཐོག་མ་ཉིད་ནས་གཞས་དེ་ཡག་པོ་སྦྱངས་པར་བརྟེན་ཏན་ཉིར་གྱིས་མགྱོགས་པོ་བཏང་ཤེས་ནས་གང་མགྱོགས་ས་གནས་དེ་གའི་མི་དང་མཉམ་དུ་སྐད་གསང་མཐོན་པོས་གླུ་གཞས་དེ་གཏོང་ཤེས་པ་རེད། ཏན་ཉིར་གྱིས་གད་མོ་དགོད་བཞིན“གླུ་གཞས་དེ་ནི་བརྩེ་བ་ཟོལ་མེད་ལྡན་པ་ཞིག་འདུག་པ་ལས་དར་རྩེ་མདོའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཉམས་འགྱུར་མངོན་གྱི་འདུག”ཅེས་བརྗོད་པ་དང་། ཁོ་བོས་སླད་ཕྱིན་ངས་གླུ་གཞས་དེ་དགའ་གྲོགས་ལ་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།
         རྟ་ཐོག་ནས་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་དང་མི་འདྲ་བར་ཕྱི་སྦྱོང་སློབ་མ་20བོད་རིགས་ས་ཁུལ་དུ་སྐྱོད་སྐབས“ཉམས་ལེན”ཞེས་པའི་ཡིག་འབྲུ་གཉིས་དང་ཁ་འབྲལ་ཐབས་མེད། རོང་བྲག་རྫོང་དུ་གནས་པའི་རྒྱལ་རོང་གི་ཐང་གའི་སྒྱུ་རྩལ་ལས་དོན་ཁང་དུ་ལས་དོན་ཁང་གི་འགན་ཁུར་བ་འཇམ་འབྲུག་བཀྲ་ཤིས་ཀྱིས“ཐང་ག་འབྲི་བའི་སྐབས་སུ་ཞིབ་ཅིང་ཚགས་པའི་ཐིག་རིས་འཐེན་དགོས་པ་དང་། ཐིག་རིས་འཐེན་རྗེས་སླར་ཡང་སྐྱ་བྲིས་བྱེད་དགོས་ཀྱི་ཡོད། ཐང་ག་ཞིག་འབྲི་བར་ཉུང་མཐར་ཡང་དུས་ཚོད་ཟླ་བ་གཅིག་འགོར་གྱི་ཡོད”ཅེས་ཕྱི་སྦྱོང་སློབ་མར་ངོ་སྤྲོད་བྱས།
         ནེ་པ་ལའི་ཕྱི་སྦྱོང་སློབ་མ་ཉི་ཐས་ཁོ་མོའི་ཕ་ཡུལ་དུའང་ཐང་གའི་སྒྱུ་རྩལ་དར་པོ་ཡོད། ཐང་ག་འབྲི་སྲོལ་ཅུང་མི་འདྲ་མོད། འོན་ཀྱང་ཐང་ག་མཐོང་སྐབས་ཕ་ཡུལ་དྲན་བྱུང་ཞེས་གསར་འགོད་པར་བརྗོད། བོད་རིགས་ལྷ་འབྲི་བའི་མཛུབ་ཁྲིད་འོག་དབྱི་རན་གྱི་ཕྱི་སྦྱོང་སློབ་མ་ཤིས་མས་ཐད་ཀར་པིར་སྨྱུག་ཁྱེར་ནས“ལྷ་ཡུལ་གྱི་སྤྲིན་བཟང”ཞིག་བྲིས་ནས“རྒྱལ་རོང་གི་ལྷ་འབྲི་བ”ཞིག་བྱས་པ་རེད། ད་ཐེངས་ཀྱི་རི་མོ་འབྲི་བའི་བརྒྱུད་རིམ་སྐོར་གླེང་སྐབས་ཤིས་མས་གད་མོ་དགོད་བཞིན་དུ“སྨྱུག་རྩེ་ལས་ཐོན་པ་ནི་བོད་རིགས་རིག་གནས་ཀྱི་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཡིན་པས་དེའི་བརྒྱུད་རིམ་ཧ་ཅང་ངོ་མཚར་ལྡན་པ་ཞིག་འདུག”ཅེས་བཤད་བྱུང་།
         གཞན་ཡང་། ཕྱི་སྦྱོང་སློབ་མ་ཚོས་ད་དུང་རྒྱལ་རོང་གི་བོད་རིགས་གྲོང་སྡེར་ཞག་སྡོད་བྱས་ནས་བོད་རིགས་ས་ཁུལ་གྱི་བུད་མེད་དང་མཉམ་དུ“མེར་སྲེག་མོག་མོག”བཟོ་སྟངས་སྦྱོང་བ་དང་། ཤིན་ཏུའུ་ཟམ་པའི་ལྟ་ན་སྡུག་པའི་ཡུལ་ལྗོངས་མྱོང་རོལ་བྱས་པ་དང་འབྲེལ་བོད་རིགས་མང་ཚོགས་དང་མཉམ་དུ་སྐོར་བྲོ་འཁྲབ་ཅིང་། ཨུ་རུ་སུའི་ཕྱི་སྦྱོང་སློབ་མ་དབྱི་རུའེ་ནཱ་ཡིས“སེམས་རྩ་འཁོལ་བའི་མི་དམངས་དང་། ལྟ་ན་སྡུག་པའི་ཡུལ་ལྗོངས། ཕུན་སུམ་ཚོགས་པའི་རིག་གནས་བཅས་དེ་ཁུལ་དུ་སྡོད་རིང་གི་སྤྲོ་སྣང་ལྡན་པའི་དུས་ཚོད་ངས་བརྗེད་མི་སྲིད”ཅེས་བཤད་བྱུང་།
         རོན་ལིན་ཅང་ཝེ་ཐེ་ནམ་དུ་སྡོད་སྐབས་ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད་པ་དང་ཀྲུང་གོའི་སྐོར་གྱི་དཔེ་དེབ་མང་པོ་ལྟ་མྱོང་ཡོད་མོད། འོན་ཀྱང་ད་ཐེངས་ཀྱི་འགྲུལ་བཞུད་ཀྱིས་ཁོ་མོར་བསམ་ཡུལ་ལས་འདས་པའི་དགའ་ཚོར་ཆེན་པོ་བྱིན་ཡོད་ཅིང་། ཁོ་མོས་ད་ཐེངས་ཀྱི་བྱེད་སྒོས་བོད་རིགས་མི་དམངས་ཀྱིས་འོད་སྟོང་འཕྲོ་བའི་རིག་གནས་བཏོད་པ་དང་རྒྱལ་རོང་གི་བོད་རིགས་གྲོང་སྡེར་ཁྱད་ཆོས་ཆེན་པོ་ཡོད་པ་མྱོང་ཚོར་ཐུབ་པ་བྱུང་ཞེས་བརྗོད། རོན་ལིན་ཅང་གིས་སླད་ཕྱིན་ད་དུང་གོ་སྐབས་བཙལ་ནས་ཀྲུང་གོའི་མཐའ་ཁུལ་དུ་ཡུལ་སྐོར་བྱེད་པར་འགྲོ་ཡི་ཡིན། ཐག་རིང་ལུང་ཁུག་ས་ཁུལ་ལ་རྟག་ཏུ་དེ་བས་སྲོལ་རྒྱུན་ལྡན་པའི་གོམས་སྲོལ་ཉར་འཇོག་བྱས་ཡོད་པས་ཀྲུང་གོར་སྡོད་རིང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དེ་དག་སྔོག་འདོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོར་ཉམས་ལེན་བྱེད”ཅེས་པའི་བྱེད་སྒོ་རབ་དང་རིམ་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཕྱི་རྒྱལ་བའི་ལྟ་ཕྱོགས་དང་མཚོན་སྟངས་ཐོག་ནས་རིག་གནས་མཉམ་འདྲེས་ལས་བྱུང་བའི་ཉམས་ལེན་བརྒྱུད་ཀྲུང་ཧྭའི་རིག་གནས་མཉམ་སྤྱོད་དང་བརྒྱུད་བསྒྲགས་བྱེད་རྒྱུ་དེ་རེད། སི་ཁྲོན“ཀྲུང་གོར་ཉམས་ལེན་བྱེད”ཅེས་པའི་བྱེད་སྒོ་སྤེལ་མཁན་གྱི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་ཟླ་2པ་ནས་བཟུང་སྔ་རྗེས་སུ་ཏི་མ་ཤིས་དང་། ཨ་སྨིར·ཧན་སོགས་གྲགས་ཅན་མི་སྣ་བཅར་འདྲི་བྱེད་པར་སླེབས་ནས་སི་ཁྲོན་དུ་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱས་ཡོད། རྗེས་སུ“ཀྲུང་གོར་ཉམས་ལེན་བྱེད”ཅེས་པའི་རྣམ་གྲངས་ཀྱིས“གོ་ལ་ཧྲིལ་པོར་བསྡུ་རུབ་འཆར་གཞི”ལག་ལེན་བསྟར་ནས་ཕྱི་རྒྱལ་བ་དེ་བས་མང་བས་སི་ཁྲོན་ལ་ཉམས་ལེན་གཏིང་ཟབ་བྱེད་པའི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།