འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
    རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
རྨས་སྐྱོན་ཕོག་པ།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21:19ཐོག རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བྱུང་བ་དང་། ཚེས་9ཉིན་གྱི་ཆུ་ཚོད་5:00བར་དུ། ས་ཡོམ་གྱི་རྐྱེན་པས་མི་9རྐྱེན་ལམ་དུ་ཤོར་བ་དང་། མི་164ལ་རྨས་སྐྱོན་ཕོག་ཡོད་པ་རེད།
             མིག་སྔར། གཟི་ཚ་སྡེ་དགུ་རྫོང་འགྲིམ་འགྲུལ་སྡེ་ཁག་གིས་ལྡུག་འཁོར་10དང་། རླངས་འཁོར་10  སྐྱེལ་འདྲེན་རླངས་འཁོར་2  ལས་བྱེད་མི་སྣ་90བཅས་བགྲོད་ལམ་མྱུར་གཤོང་གི་ལས་དོན་སྤེལ་བར་བཏང་ཡོད་ལ། དུས་མཚུངས་སུ་སྨན་དཔྱད་མི་སྣ་310དང་མྱུར་སྐྱོབ་རླངས་འཁོར་ཐེངས་གྲངས་47བཏང་ནས་རྨས་སྐྱོན་མི་སྣར་སྨན་བཅོས་ཀྱི་ལས་དོན་བསྒྲུབས་པ་དང་། རྫོང་དྲག་ཆས་པུའུ་དང་དམངས་སྲིད། སྤྱི་བདེ། མེ་གསོད་མེ་འགོག འཕྲིན་གཏོང་། གློག་ཤུགས་སོགས་ཕྱོགས་གང་ཅིར་མྱུར་སྐྱོབ་སྟོགས་ཤུགས་མི་1200ལྷག་ཙམ་དང་། འཕྲུལ་ཆས་ཆེ་གྲས་90ཙམ་བཅས་སྒྲིག་འཛུགས་བྱས་ཏེ་མྱུར་སྐྱོབ་ཉེན་སེལ་གྱི་ལས་དོན་ཧུར་ཐག་ངང་སྤེལ་བཞིན་ཡོད་པ་རེད།
             ས་གནས་ཀྱིས་ཡུལ་སྐོར་ཁ་འགྲེམ་དང་སེམས་གསོའི་ལས་དོན་ཧུར་ཐག་ངང་ལེགས་པར་བསྒྲུབ་ལ། འཕྲལ་སྡོམ་ཁ་འགྲེམ་ཉེན་སེལ་ཁང་དུ་ཡོད་པའི་ཡུལ་སྐོར་བ་ཚོར་གྲང་ངར་འགོག་བྱེད་དང་འཚོ་བའི་མཁོ་ཆས་སོགས་སྤྲད་པ་རེད། ད་ལྟ་བར་དུ། ཡུལ་སྐོར་བ་ཁྱོན་བསྡོམས་31500ཁ་བཀྲམས་ཏེ་བདེ་འཇགས་ས་ཁུལ་དུ་གནས་སྤོས་པ་དང་། ཡུལ་སྐོར་ལས་ཁུངས་ཀྱི་རླངས་འཁོར་ཆེ་བ་དང་སྒེར་གཏོང་རླངས་འཁོར་གོ་རིམ་ལྡན་པའི་གཟི་ཚ་སྡེ་དགུ་ལས་བྲལ་ཐབས་བྱས་ཡོད་ལ། གཟི་ཚ་སྡེ་དགུའི་ཡུལ་སྐོར་ཁུལ་དུ་སླེབས་པའི་ཡུལ་སྐོར་བ་ཚོ་ཚེས་9ཉིན་གྱི་ཞོགས་པར་གཟི་ཚ་སྡེ་དགུ་ནས་ཕྱིར་སྐྱེལ་བ་རེད། རྫོང་དང་ཧྲོང་ཧོ་ཤང་སོགས་སུ་འདྲི་རྩད་ས་ཚིགས་བཙུགས་པ་མ་ཟད། འདྲི་རྩད་ཞབས་ཞུའི་མི་སྣ་མགྲོན་ཁང་དང་གྲོང་གསེབ་ཀྱི་མགྲོན་ཁང་། སྲང་ལམ་སོགས་སུ་བསྐྱོད་དེ་གནས་སྤོའི་ལམ་ཐིག་དང་ཡོམ་འགོག་རང་སྐྱོབ་ཀྱི་འབྲེལ་ཡོད་རྒྱུན་ཤེས་སྐོར་གྱི་འདྲི་རྩད་ཞབས་ཞུ་བསྒྲུབས་པ་རེད། གཙང་རྩ་གྲོང་རྡལ་དང་ཞི་ལའེ་ཏེང་རྒྱལ་སྤྱིའི་གསོལ་མགྲོན་ཁང་། ཟླ་བའི་ཁུག་པ་བཅས་སུ་འཕྲལ་སྡོམ་ཉེན་ཡོལ་ཁུལ་བཙུགས་ཡོད་ལ། འདྲི་རྩད་ཞབས་ཞུའི་མི་སྣ་མངགས་ཏེ་ཡུལ་སྐོར་བར་གནས་སྤོ་ལམ་ཐིག་དང་ཡོམ་འགོག་རང་སྐྱོབ་རྒྱུན་ཤེས་སྐོར་གྱི་ཞབས་ཞུ་བསྒྲུབ་པ་རེད།
            དངོས་ཟོག་འགན་སྲུང་ཐད་ལ། ད་ལྟ་རྫོང་ཡོངས་ཀྱི་རྒྱུན་སྤྱོད་འཚོ་བའི་མཁོ་ཆས་ཚང་མ་རྒྱུན་ལྡན་བཞིན་དུ་མཁོ་སྤྲོད་བྱེད་ཐུབ་ལ། འབྲེལ་ཡོད་ཚོང་ཁང་དུ་ཟོག་ཁུངས་ཁ་སྣོན་སྒྲིག་འཛུགས་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
རྨས་སྐྱོན་ཕོག་པ།
    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
རྨས་སྐྱོན་ཕོག་པ།
    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
རྨས་སྐྱོན་ཕོག་པ།
    ༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་9རྐྱེན་ལམ་དུ་ཤོར་བ་དང་མི་164ལ་
རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།