འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2016“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་འཚོགས་པ།

    ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་28ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། 2016“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གླེང་སྟེགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་མ་ཟད། གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་སྐུ་མགྲོན་ལ་ལྷག་བསམ་དག་པའི་དགའ་བསུ་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། དར་གོས་ལམ་བུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན། ཀྲུང་གོས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཁར། མཉམ་དུ་གྲོས་བསྡུར་དང་། འཛུགས་སྐྲུན། ལོངས་སྤྱོད་བཅས་བྱེད་པའི་རྩ་དོན་ལྟར། སྲིད་ཇུས་ཀྱི་སྤེལ་རེས་དང་། སྒྲིག་བཀོད་མཉམ་འབྲེལ། ཉོ་ཚོང་ཤར་གཏོང་། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་བཏང་བར། ལམ་རྒྱུད་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་གྱུར་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གཉིས་ཁེའི་མཉམ་ལས་དྲ་རྒྱ་གཏོད་པ་དང་། མཉམ་ལས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་པ། ཕྱོགས་མང་མཉམ་ལས་ཀྱི་ལས་སྟེགས་གསར་དུ་གཏོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་སྐུལ་སྤེལ་བཏང་ཐོག ལག་གདང་སྦྲེལ་ནས“ལྗང་མདོག་གི་དར་གོས་ལམ་བུ”དང་། “བདེ་ཐང་གི་དར་གོས་ལམ་བུ” “རིག་ནུས་ཀྱི་དར་གོས་ལམ་བུ” “ཞི་བདེའི་དར་གོས་ལམ་བུ”བཅས་བསྐྲུན་ཏེ་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།
         ཞིས་ཅིན་ཕིང་གིས། “རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་ལ་ཤོད་རེས་སྤེལ་རེས་དང་མཉམ་ལས་དོན་གཉེར་བྱ་རྒྱུར་ལས་སྟེགས་ཤིག་བཏོད་ཡོད། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་ལས་སྟེགས་དེ་ཡག་པོ་སྤྱད་ནས་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་དང་། དམངས་སེམས་དམངས་བློ་སྤེལ་རེས། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་བྱ་བ་བསྒྲུབས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཆེད་དུ་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཀྲེན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ད་ཐེངས་ཀྱི་གླེང་སྟེགས་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པ་དང་། “ལས་དབང་གཅིག་མཐུན་འདུས་གྲུབ། མཉམ་ལས་རྣམ་པ་གསར་པ”ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཤིང་། རྒྱལ་ཁབ་101གི་སྨྱན་སྦྱོར་212ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།