འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེས་སྐྱེ་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བཏང་བས་ཕན་འབྲས་
    མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་གཞིས་རྩེས་སྐྱེ་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བཏང་བས་ཕན་འབྲས་
མངོན་གསལ་དོད་པོ་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེས་རང་ངོས་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ལ་བརྟེན་ནས་གྲོ་མོའི་མོག་རོ་དང་། ཕ་རིའི་འབྲི་གཡག གམ་པའི་ལུག བོད་བྱ་སོགས་ཞིང་འབྲོག་ཐོན་རྫས་སྐྱེད་སྲིང་བྱ་རྒྱུར་ཤུགས་བརྒྱབ་པས་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་མ་ཟད། ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཡོད་ཅིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་ས་མཐོའི་ཁྱད་ལྡན་ཤ་མོའི་དཔེ་སྟོན་རྟེན་གཞིར་ལས་མིས་སྐྱེ་ལྡན་མོག་རོ་འཐུ་བའི་གནས་ཚུལ་ཡིན་པ།
    འདི་ནི་གཞིས་རྩེ་རྣམ་གླིང་རྫོང་ནགས་གསེབ་བོད་བྱ་གསོ་ཚགས་རྟེན་གཞིར་ལས་མིས་བྱ་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།
    འདི་ནི་གཞིས་རྩེ་རྣམ་གླིང་རྫོང་ནགས་གསེབ་བོད་བྱ་གསོ་ཚགས་རྟེན་གཞིར་ལས་མིས་བྱ་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།
    འདི་ནི་གཞིས་རྩེའི་གམ་པ་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ལུག་ལ་རྩྭ་སྟེར་བའི་གནས་ཚུལ་ཡིན་པ།
    འདི་ནི་གཞིས་རྩེའི་གམ་པ་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ལུག་ལ་རྩྭ་སྟེར་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།