འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཕྱུགས་ཚང་ཁྲི་2བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་22ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འདི་ལོ་བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཕྱུགས་ཚང་ཁྲི་2བསྐྲུན་རྩིས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་ཐོན་ཁུངས་སྤྱི་འདོམས་དང་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཕྱུགས་ཚང་གི་ཚད་གཞི་མཐོ་རུ་བཏང་བས། ཕྱུགས་ཚང་རེ་སྐྲུན་པའི་མ་དངུལ་སྒོར་ཁྲི་1.2ཟིན་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཚད་གཞི་མཐོ་བའི་ཕྱུགས་ཚང་ཁྲི་15.2བསྐྲུན་ནས་འབྲོག་པ་དུད་ཚང་རེར་ཚད་གཞི་མཐོ་བའི་ཕྱུགས་ཚང་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད། འདི་ལོ་བོད་ཀྱིས་ཚད་གཞི་མཐོ་བའི་ཕྱུགས་ཚང་ཁྲི་2བསྐྲུན་རྩིས་ཡོད་ཅིང་། འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་གི་འབྲོག་པས་ཚད་གཞི་མཐོ་བའི་ཕྱུགས་ཚང་སྐྲུན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།