འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཏིང་སྐྱེས་རྫོང་དང་དིང་རི་རྫོང་སོ་སོར་ས་ཡོམ་རིམ་པ་5.3རེ་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་23ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དཔོན་དམག་ཚོས་མངའ་ཁུལ་གྱི་སྡོད་ཁང་གི་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱེད་པ།
    དཔོན་དམག་ཚོས་མངའ་ཁུལ་གྱི་སྡོད་ཁང་གི་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱེད་པ།
         པེ་ཅིང་གི་དུས་ཚོད་2016ལོའི་ཟླ་5ཚེས་22ཉིན་གྱི་དུས་ཚོད་9:48ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཏིང་སྐྱེས་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་28.36དང་། གཞུང་ཐིག་ཤར་མ་ཏུའུ་87.60)དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་ལ་སྤྱི་ལེ་10ཙམ་ཡོད་པ་རེད། དུས་ཚོད་9:32སྐབས། གཏིང་སྐྱེས་རྫོང་དུ་ས་ཡོམ་བརྒྱབ་པའི་ཡོམ་ཁུངས་ཀྱི་ཉེ་འཁོར་དུ་ས་ཡོམ་རིམ་པ་4.1བརྒྱབ་པ་དང་། དུས་ཚོད་10:05ཐོག གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་28.41དང་། གཞུང་ཐིག་ཤར་མ་ཏུའུ་87.59)དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་ལ་སྤྱི་ལེ་6ཙམ་ཡོད་པ་རེད།
    ས་ཡོམ་བརྒྱབ་རྗེས་མང་ཚོགས་ཐང་ཡངས་སུ་བསྡད་དེ་ཡོམ་གཡོ་བྱེད་པ།
    ས་ཡོམ་བརྒྱབ་རྗེས་མང་ཚོགས་ཐང་ཡངས་སུ་བསྡད་དེ་ཡོམ་གཡོ་བྱེད་པ།
    མང་ཚོགས་ཀྱི་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱེད་པ།
    མང་ཚོགས་ཀྱི་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱེད་པ།
    མཐའ་སྲུང་རུ་ཆེན་གྱི་དཔོན་དམག་ཚོས་མངའ་ཁུལ་དུ་བདེ་སྲུང་སྐོར་ཞིབ་བྱེད་པ།
    མཐའ་སྲུང་རུ་ཆེན་གྱི་དཔོན་དམག་ཚོས་མངའ་ཁུལ་དུ་བདེ་སྲུང་སྐོར་ཞིབ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།