འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་གླིང་དུ་ཀྲུང་གོའི་ནུབ་རྒྱུད་མི་རིགས་ཀྱི་སྲོལ་རྒྱུན་དར་བའི་མཐོ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་25ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བྱེད་སྒོའི་འགོ་ཚུགས་མཛད་སྒོ།
    བྱེད་སྒོའི་འགོ་ཚུགས་མཛད་སྒོ།
         ཟླ་5ཚེས་15ཉིན་གྱི་དགོང་མོར། ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཁྲབ་སྟོན་དེ་དབྱི་ཐ་ལིའི་སྨི་ལན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་ལས“ཀྲུང་གོ་ཤེས་ཚོར་བྱེད—ཀྲུང་གོའི་ནུབ་རྒྱུད་རིག་གནས་བྱ་སྤྱོད”ཀྱི་ཡོ་རོབ་ཏུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཐེངས་འདིའི་བྱེད་སྒོ་དེ་དབྱི་ཐ་ལིའི་སྨི་ལན་དང་འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་དང་སི་ཐུའུ་ཅ་ཐེར་བཅས་ནས་དུས་ཡུན་ཉིན་10ལྷག་རིང་ལ་སྤེལ།
         དབྱི་ཐ་ལི་རྒྱལ་ཁབ་ཀྱི་སྨི་ལན་དུ། ལྷ་ས་གྲོང་ཁྱེར་གྱི་གླུ་གར་ཚོགས་པས་དབྱི་ཐ་ལའི་ལྟད་མོ་བ་ཚོར་ཀྲུང་གོའི་ནུབ་རྒྱུད་ཀྱི་ཡུལ་སྲོལ་གོམས་འདྲིས་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་འཁྲབ་སྟོན་ཞིག་ཕུལ་བ་དང་། འཁྲབ་སྟོན་གྱི་ལེ་ཚན་ནང་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་སྒྲ་སྙན་ཞབས་བྲོ་《རླུང་ལྟར་མྱུར་བའི་ཞབས་བྲོའི་སྟངས་སྟབས་》དང་། སྐྱེས་མའི་གླུ་གཞས་ཁེར་ལེན་《ཀོང་པོའི་དམངས་གཞས》 གླིང་སྒྲུང་《རྟ་རྒྱུག》 སྐྱེས་མའི་ལྷ་མོ་ཟློས་གར་སྐྱ་ལེན་《བཀྲ་ཤིས་པར་སྨོན་འདུན་ཞུ་》སོགས་འཁྲབ་སྟོན་བྱས། 
         ཚེས་17ཉིན་གྱི་དགོང་མོར། ཀྲུང་གོའི་ནུབ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཇར་མན་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཧྥ་ཁེ་ཧྥུའི“ཡོ་རོབ་ཀྱི་ཟུར”ཞེས་པའི་བྱེད་སྒོའི་ཚོམས་ཆེན་དུ་འཁྲབ་སྟོན་བྱས་ཤིང་། འགོ་ཚུགས་ཞབས་བྲོ་《ཁྱིམ་གཞིས་》ཞེས་པ་འཁྲབ་སྟོན་བྱས་རྗེས། ཤིན་ཅང་ཡུ་གུར་རིགས་ཀྱི་ཞབས་བྲོ་《རྒུན་འབྲུམ་སྨིན་པ》དང་། སོག་པོ་རིགས་ཀྱི་སྐྱེས་མའི་ཞབས་བྲོ་《ཁྲུང་ཁྲུང་གི་བརྩེ་བ》སོགས་ཀྲུང་གོའི་ནུབ་རྒྱུད་ཀྱི་ཐུན་མིན་ཁྱད་ཆོས་ཇི་མ་ཇི་བཞིན་མཚོན་པའི་སྲོལ་རྒྱུན་གླུ་གར་སོགས་ཀྱང་བསྟན།
         འཇར་མན་གྱི་སི་ཐུའུ་ཅཱ་ཐེ་རུ་ཀྲུང་གོའི་གནས་ཚུལ་དངོས་མཚོན་གློག་བརྙན་《འཛམ་གླིང་ཡང་རྩེ་》བསྟན་པ་དང་། དེའི་ནང་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་མཁན་ཡུལ་མི་དང་རང་བྱུང་ཁམས་ཆེ་མོ་འཆམ་མཐུན་མཉམ་གནས་དང་དགའ་བདེ་མཉམ་མྱོང་གི་སྣང་ཚུལ་མཚོན་ཡོད། དེ་མིན་ཟླ་5ཚེས་23ནས་ཚེས་28ཉིན་བར་ཧྥ་ལན་ཁེ་ཧྥུར“བཀྲག་མདངས་འཚེར་བའི་ནུབ་རྒྱུད”ཅེས་པའི་ཐང་གའི་འགྲེམས་སྟོན་ཡང་བྱ་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】
    《འཛམ་གླིང་ཡང་རྩེ་》ཞེས་པའི་དངོས་མཚོན་གློག་བརྙན་གཏོང་བ།
    《འཛམ་གླིང་ཡང་རྩེ་》ཞེས་པའི་དངོས་མཚོན་གློག་བརྙན་གཏོང་བ།
      

    ཕྱོགས་བསྡུས་གསར་འགྱུར།