འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”
    བསམ་ཕྱོགས་མཐའ་འཁྱོངས་བྱས་པས་ནགས་ཚལ་ཁེབས་ཚད་76%བར་འཕར་བ།   

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་23ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”
བསམ་ཕྱོགས་མཐའ་འཁྱོངས་བྱས་པས་ནགས་ཚལ་ཁེབས་ཚད་76%བར་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་བབ་མཐོ་ཚད་སྨི་3300ཙམ་ཟིན་པ་དང“གཙང་གསུམ་མཉམ་འགྲིལ་རྒྱུག་ཁུལ”གྱི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་དུ་གནས་ཤིང་། 1998ལོའི་སྔོན་དུ་རང་བྱུང་ནགས་ཤིང་གཅོད་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”བསམ་ཕྱོགས་མཐའ་འཁྱོངས་ཀྱིས་སྐྱས་སྤོས་རྩྭ་གསོ་དང་། ཕྱུགས་བཀག་རྩྭ་གསོ། རང་བྱུང་ནགས་ཤིང་སྲུང་སྐྱོབ། ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་སྤྲོད་པ་སོགས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་འདུ་འགོད་མུ་མཐུད་ལག་བསྟར་བྱས་པ་དང་སྦྲགས“ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲུང་སྐྱོབ་བྱ་སྤྱོད”ལག་བསྟར་བྱས་པས་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནགས་ཚལ་ཁེབས་ཚད་76%ཟིན་ནས་ལོ་བཅུའི་གོང་ལས་བརྒྱ་ཆའི་གྲངས་4ལྷག་ཙམ་འཕར་ཡོད་པ་རེད། འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་གྲོང་འདབས་སུ་ཆགས་པའི་ནགས་ཚལ་འདབས་ཀྱི་གྲོང་སྡེ་ཡིན་པ།
    འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་གྲོང་འདབས་སུ་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་དང་རྒྱང་རིང་གི་གངས་རི་ཡིན་པ།
    འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་གྲོང་འདབས་སུ་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་དང་རྒྱང་རིང་གི་གངས་རི་ཡིན་པ།
    འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་ནགས་ཚལ་དང་གངས་རི་ཡིན་པ།
    འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་ནགས་ཚལ་དང་གངས་རི་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།