མི་དམངས་དྲ་བ།

༄༅།།ཞིང་ལས་པུས་ན་ནིང་རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོ
ར་བ་མི་ཐེངས་དུང་ཕྱུར་22ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཞའོ་ཧྭ་ཡིས་སི་ཁྲོན་དུ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཡག་པོ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2015ལོར་རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་22ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་4400ལྷག་ཙམ་བྱུང་བ་དང་འབྲེལ་མི་ཁྲི་790ལས་ཞུགས་ཐུབ་པ་དེའི་ནང་ཞིང་པ་ཁྲི་630ཡོད་པ་དང་ཞིང་དུད་ཁྲི་550ལ་ཕན་པ་ཐོབ་ཡོད་ཅེས་བརྗོད་པ་རེད།
         གོང་གི་སྐད་ཆ་དེ་ནི་ཁྲེན་ཞའོ་ཧྭ་ཡིས་ཚེས་6ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་བརྗོད་པ་ཞིག་ཡིན། ཞིང་ལས་པུའི་ཆ་འཕྲིན་ལས་མངོན་དོན། སོས་དལ་ཡུལ་སྐོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་གསར་པ་ཞིག་དང་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད་པས་སྔོན་རྩིས་བྱས་ན། སླད་ཕྱིན་དུས་སྐབས་ཤིག་རིང་གྲོང་མི་རེས་ལོ་རེར་ཆ་སྙོམས་སོས་དལ་ཡུལ་སྐོར་བྱེད་ཚད་ཐེངས་5ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་སོས་དལ་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་མི་ཐེངས་དུང་ཕྱུར་80ལྷག་ཙམ་ཟིན་རྒྱུ་རེད།
          ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སུ་སླེབས་ཡོད། ཁྲོམ་རའི་དགོས་མཁོ་ཆེན་པོ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ། རྒྱལ་ཁབ་སྲིད་ཇུས་ཀྱི་ལྕག་སྐུལ་བཅས་ཡོད་པའི་སྐབས་སུ་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། ཐོན་ལས་ཀྱི་རྣམ་པ་གསར་པ་དང་འཛད་སྤྱོད་ཀྱི་ལས་སྒོ་གསར་པ་ཞིག་ཡིན་པའི་ངོས་ནས། ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་། འཕེལ་རྒྱས་གཏོང་སྟངས་ད་དུང་རགས་ལས་ཅན་ཡིན་པས་བསམ་བློའི་གྲ་སྒྲིག་ཡག་པོ་མ་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་རྗེས་ལུས། ཞབས་ཞུའི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ལྷག་ཡོད། ཞིང་ལས་པུས་ས་གནས་ཁག་ལ་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ལས་ཀའི་ཁ་ཕྱོགས་ལ་ངོས་འཛིན་དང་སྟངས་འཛིན་ཡག་པོ་བྱས་ཏེ་ཞིང་པའི་འབབ་འཕར་དང་ཐོན་ལས་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ། གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་པ་ལས་གཏོད་དང་གསར་གཏོད་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པའི་ཐོག་ཐོན་ལས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ནས་འགོ་འཛུགས་པ་དང་ཐོན་ལས་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དེ་ཞིང་པ་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བའི་འཕར་གནས་སུ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།