འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་
    བསྡོམས་འབོར་སྒོར་དུང་ཕྱུར་27ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཁག་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་མྱུར་འཕེལ་བྱུང་བ་དང་། ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་27.56ལེགས་གྲུབ་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་20%འཕར་ནས་གྲུབ་འབྲས་ཡག་པོ་ཐོབ་རྒྱུ་རེད།
         དུས་ཚིགས་དང་པོར་སྔོན་དཔག་ལྟར་ན་གྲོང་ཁྱེར་དེ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.56ལེགས་གྲུབ་བྱ་རྒྱུ་དེ་དུས་མཚུངས་ལས་20%འཕར་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་21ལེགས་གྲུབ་བྱ་རྒྱུ་དེ་དུས་མཚུངས་ལས་27%འཕར་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.84ལེགས་གྲུབ་བྱ་རྒྱུ་དེ་དུས་མཚུངས་ལས་26%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5590ཟིན་རྒྱུ་དེ་དུས་མཚུངས་ལས་12%འཕར་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་1420ཟིན་རྒྱུ་དེ་དུས་མཚུངས་ལས་16%འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་11ལེགས་གྲུབ་བྱ་རྒྱུ་དེ་དུས་མཚུངས་ལས་17%འཕར་རྒྱུ་བཅས་རེད།
         ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་1.65ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་4.91ཟིན་པ་དེ་དུས་མཚུངས་ལས་28.2%འཕར་བ། རིམ་རྩིས་བྱས་ན་ཡུལ་སྐོར་བ་སྣ་ཚོགས་མི་ཐེངས་ཁྲི་14.25ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་1.17བྱུང་བ་དེ་དུས་མཚུངས་ལས་20%འཕར་བ་དང་། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་21ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།