འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་གཤགས་བཅོས་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་29ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་གཤགས་བཅོས་ལེགས་གྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་ནས་ཡིན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་13པེ་ཅིང་ཨན་ཀྲེན་སྨན་ཁང་དུ་གཤགས་བཅོས་ལེགས་གྲུབ་བྱུང་ནས་དྲག་སྐྱེད་ཡག་པོ་བྱུང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རོགས་སྐྱོབ་བྱ་སྤྱོད་དེ་འོད་ཟེར་བྱ་གཞག་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་བཏང་ནས་རོགས་སྐྱོར་བྱས་པ་ཞིག་ཡིན་པ་དང་། གཤགས་བཅོས་བྱས་པའི་བྱིས་པ་དེ་དག་ཆུང་ཤོས་ལོ་གཅིག་ལྷག་ཙམ་དང་ཆེ་ཤོས་ལོ་17ལ་སླེབས་ཡོད་པ་ཚང་མ་ཅུང་ཚབས་ཆེ་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཡིན་ཞིང་། འདི་ནི་པེ་ཅིང་ཨན་ཀྲེན་སྨན་ཁང་བྱིས་པའི་སྙིང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀུའུ་ཧུང་(གཡས་ཀྱི་དང་པོ)དང་ལས་གྲོགས་ཚོས་གཤགས་བཅོས་བྱས་རྗེས་ཀྱི་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཚོན་པར་བརྒྱབ་ནས་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།