འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་ཁོའུ་གྲོང་ཁྱེར་ཧུང་ཁྲེན་མཚེའུ་ནས་ཁྲབ་སྔོ་ཉ་རོ་ཏུན་35ལེན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། ཏིང་བཀྲ།)

     
    ཟླ་5ཚེས་4ཉིན་ཁོར་ཡུག་གཙང་སྦྲ་བཟོ་པས་ཆུ་ངོས་ནས་ཉ་རོ་ལེན་བཞིན་པ།
    ཟླ་5ཚེས་4ཉིན་ཁོར་ཡུག་གཙང་སྦྲ་བཟོ་པས་ཆུ་ངོས་ནས་ཉ་རོ་ལེན་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གྱི་ཞོགས་པའི་ཆུ་ཚོད་6ལྷག་ཙམ་ལ་ཧའེ་ཁོའུ་གྲོང་ཁྱེར་གྱི་གྲོང་མིས་ཧུང་ཁྲེན་མཚེའུ་ཡི་ཆུ་ངོས་སུ་ཉ་རོ་འབོར་ཆེན་གཡེང་འདུག་པ་མཐོང་། ཧའེ་ཁོའུ་གྲོང་ཁྱེར་གྱིས་ཁོར་ཡུག་གཙང་སྦྲ་བཟོ་པ་མི་ཐེངས་100ལྷག་སྒྲིག་འཛུགས་བྱས་ནས་ཆུའི་ནང་གི་ཉ་རོ་བླངས་པ་མ་ཟད།  སྐོར་སྐྱོད་ལྟ་ཞིབ་མི་སྣ་སྒྲིག་འཛུགས་བྱས་ནས་ལྟ་རུབ་རྒྱག་མཁན་གྲོང་མི་ཚོས་ཉ་རོ་སྒྲུག་པར་བཀག་འགོག་བྱས་ཤིང་།  ཟླ་5ཚེས་4ཉིན་གྱི་ཆུ་ཚོད་16ལྷག་གི་བར་དུ་ཧུང་ཁྲེན་མཚེའུ་ནས་ཉ་རོ་ཏུན་35ཡས་མས་བླངས་ནས་ཡན་ཁྲུང་ལིན་གད་སྙིགས་གཙང་སེལ་གློག་འདོན་ས་ཚིགས་སུ་དབོར་འདྲེན་བྱས་ཏེ་གཅིག་བསྡུས་ཀྱིས་མེར་སྲེག་བཏང་ནས་གནོད་ལྡན་ཉ་རོ་ཚོང་རར་མི་འགྲོ་བར་ཁག་ཐེག་ཏན་ཏིག་བྱེད་རྒྱུ་རེད།
         ཧའེ་ཁོའུ་གྲོང་ཁྱེར་རྒྱ་མཚོ་ཉ་ལས་ཅུས་ཀྱི་བརྟག་ཞིབ་པ་ལིའུ་ཡུང་ལིའང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཤི་བའི་ཉ་དེ་དག་ནི་རྒྱ་མཚོའི་ཁྲབ་སྔོ་ཉ་ཡིན་ཞིང་། ཐོག་མའི་ཁ་ཚོན་བཅད་པ་ལྟར་ན་ཉ་དེ་དག་ནི་ནན་ཏུའུ་གཙང་པོར་ཆུ་འདྲེན་པ་དང་མཉམ་དུ་ཧུང་ཁྲེན་མཚེའུ་ནང་ཡོང་བ་རེད། ཧུང་ཁྲེན་མཚེའུ་ཆུ་ཁོངས་ལ་སྦགས་བཙོག་ཚབས་ཆེན་ཐེབས་པའི་རྐྱེན་གྱིས་ཉ་ཤི་བའི་དོགས་པ་གཞི་རྩའི་ཐོག་སེལ་ཐུབ།ཧའེ་ཁོའུ་གྲོང་ཁྱེར་རྒྱ་མཚོ་ཉ་ལས་ཅུས་དང་ཧའེ་ཁོའུ་གྲོང་ཁྱེར་ཆུ་དོན་ཅུས་ཀྱིས་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་བསྐྱོད་དེ་ཉ་ཚོགས་ཀྱི་ཡོང་ཁུངས་དང་འཆི་བའི་རྒྱུ་རྐྱེན་གསལ་པོར་རྟོགས་པར་བྱས་ཡོད།
    【1】  【2】  【3】
    ཟླ་5ཚེས་4ཉིན་ཧའེ་ཁོའུ་གྲོང་ཁྱེར་གྱི་ཧུང་ཁྲེན་མཚེའུ་ཆུའི་ངོས་སུ་གཡེང་བའི་ཉ་རོ་འབོར་ཆེན་ལ་དམར་དྲི་བྲོ་བ།
    ཟླ་5ཚེས་4ཉིན་ཧའེ་ཁོའུ་གྲོང་ཁྱེར་གྱི་ཧུང་ཁྲེན་མཚེའུ་ཆུའི་ངོས་སུ་གཡེང་བའི་ཉ་རོ་འབོར་ཆེན་ལ་དམར་དྲི་བྲོ་བ།
      

    ཕྱོགས་བསྡུས་གསར་འགྱུར།