འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གློག་ཤུགས་ཀྱིས་རྒྱལ་ནང་དུ་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའིAPPཐོག་མ་དེ་
    ཞིབ་འཇུག་བྱས་ནས་བེད་སྤྱོད་བྱེད་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་09ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་ཐེན་ཅིན་གློག་ཤུགས་ཀྱིས་ཉེ་ཆར་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའིAPPཐོག་མ་དེ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་འཇུག་བྱས་པ་དང་འབྲེལ་བེད་སྤྱོད་ཀྱང་བྱེད་འགོ་བཙུགས་པ་དེ་ནི་རྒྱལ་ནང་གི་ལག་ཐོགས་ཁ་པར་གྱི་དུད་སྣེས་ཕན་ཚུན་གཞི་རྟེན་དུ་བྱེད་པའི་ཁེ་ལས་ཀྱི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་སྟེགས་བུ་ཐོག་མར་གྱུར་ཡོད། སྟེགས་བུ་དེས་གློག་ཤུགས་ཀྱི“དྲ་སྦྲེལ+”ལག་རྩལ་ལ་བརྟེན་པ་དང་རང་བརྟེན་ཇུས་འགོད་ལས་འགན་དང་། གསར་འགྱུར། ཤེས་རྟོགས་སོགས་ཀྱི་བྱེད་སྟངས་བརྒྱུད་ཁེ་ལས་ཀྱིས་མཁོ་སྤྲོད་ཚོང་དུད་དང་ཞབས་འདེགས་ཞུ་ཡུལ་དབར་གྱི་ལས་སྒོའི་འབྲེལ་མཐུད་དང་། དེ་བཞིན་ཕན་ཚུན་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐེན་ཅིན་ས་ཁུལ་གྱི་གློག་ནུས་ཚབ་བྱེད་མཁོ་སྤྲོད་དུད་ཚང་མཉམ་འབྲེལ་ཚོགས་པའི་ཁོངས་མི་དང་དེ་བཞིན་ནུས་རྒྱུ་གྲོན་ཆུང་གི་འཛད་སྤྱོད་པར་དྲ་ཐོག་ནས་སྤེལ་རེས་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་ཡོང་བ་བྱས་པས། ཐེན་ཅིན་ས་ཁུལ་གྱི་གློག་ནུས་ཚབ་བྱེད་དང་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།