འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྐང་ཚ་རྫོང་གིས་གནད་སྨིན་དབུལ་སྐྱོར་གྱི་དངོས་ཡོད་བྱ་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྐང་ཚ་རྫོང་གིས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ནས་འདེམས་གཏོང་བྱས་པའི“ཧྲུའུ་ཅི་ཨང་དང་པོ”7དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་མཁན་ལས་བྱེད་པ་ལས་གྲུབ་པའི་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་46གིས་དབུལ་སྐྱོར་ལས་དོན་སྒྲིག་སྲོལ་གྱི་བླང་བྱ་གཞིར་བཟུང་ཆ་སྒྲིག་གཉེན་འཚོལ་སོགས་ཀྱི་བྱེད་སྟངས་སྤྱད་དེ་རང་འགུལ་ངང་ཞུགས་ནས་གནད་སྨིན་དབུལ་སྐྱོར་ལ་དངོས་ཡོད་བྱ་ཐབས་བཏོན་པ་རེད།
    རྐང་ཚ་རྫོང་གི་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གིས་གྲོང་ཚོ་དང་། དུད་ཚང་། དུད་ཚང་དབུལ་པོ་བཅས་སུ་བསྐྱོད་དེ“ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྟངས་སྤྱད་དེ་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དང་དོན་སྙིང་སོགས་ཀྱི་དྲིལ་བསྒྲགས་ལས་དོན་ཤུགས་ཆེན་སྤེལ་བས་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་དོན་སྙིང་གལ་ཆེན་རོགས་སྐྱོར་བྱ་ཡུལ་ཚོས་སྔར་བས་ཤེས་རྟོགས་ཐུབ་པ་དང་། ཁོང་དུ་ཆུད་པའི་ཁར་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་རོགས་སྐྱོར་བྱ་ཡུལ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད།
         དུས་མཚུངས་ཞིབ་བསྡུར་མཐིལ་རྟོགས་དང་ལས་ཀའི་རྩིས་ཁྲ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་དུས་མཇུག་ཏུ་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དང་རྣམ་གྲངས་མངོན་འགྱུར་ཐུབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
         གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྤྱི་ཡོངས་ནུས་པ་ཆེ་རུ་གཏོང་རྒྱུ་དེ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ལ་བརྩིས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཁར་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། དམངས་ཆེད་ལས་ཀ་སྒྲུབ་པ་དང་ཞབས་འདེགས་ཞུ་བ། བཅོས་སྒྲིག་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་གྲོང་ཚོའི་ལས་བྱེད་པར་འཐབ་འདོན་ཇུས་འགོད་བྱས་པས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁག་གི་ལས་ཀའི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད།
         དུས་མཚུངས་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གིས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ“འཆར་གཞི་གྲོང་ཚོར་དོན་འཁྱོལ་དང་། དབུལ་སྐྱོར་དུད་ཚང་དུ་དོན་འཁྱོལ། འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁོར་ཡུག་ལེགས་གཏོང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་ཀའི་ནང་དོན་ལ་དམིགས་ཏེ་དབུལ་པོར་འགྱུར་རྐྱེན་འཚོལ་བ་དང་། དབུལ་སྐྱོར་འཆར་གཞི་བཟོ་བ། རྣམ་གྲངས་དོན་འཁྱོལ་བཅས་བྱས་ཏེ་གྲོང་ཚོ་དབུལ་པོའི་དཔལ་འབྱོར་འཛུགས་སྐྲུན་དང་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
         མིག་སྔའི་བར་རྐང་ཚ་རྫོང་གི“ཧྲུའུ་ཅི་དང་པོ”དང་དབུལ་སྐྱོར་ལས་དོན་རུ་ཁག་གིས་དབུལ་ཕོངས་གྲོང་ཚོ་15དང་རྗེས་རྗེས་གྲོང་ཚོ་2ལ་གནད་སྨིན་དབྱེ་འབྱེད་ལས་དོན་སྤེལ་བ་དང་། ཞིང་འབྲོག་དུད་ཚང་2300ལྷག་ཙམ་ལ་འདྲི་རྩད་བྱེད་པ། དུད་ཚང་དབུལ་པོ་411གནད་སྨིན་དབྱེ་འབྱེད་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་15འགོད་པ་བཅས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།