འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་སླར་ཡང་ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང་300བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་གྲོང་ཚོ་300“ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང”དུ་བསྐྲུན་རྒྱུ་མུ་མཐུད་གཏན་འཁེལ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང”བསྐྲུན་རྒྱུའི་འདུ་འགོད་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་གྱིས་ལག་ལེན་བསྟར་བའི“གྲོང་ཚོ་སྟོང་འཛུགས་སྐྲུན་དང་གྲོང་ཚོ་བརྒྱའི་དཔེ་སྟོན”འདུ་འགོད་དང“ཏང་སྲིད་དམག་ཁེ་མཉམ་སྐྲུན་དཔེ་སྟོན་གྲོང་ཚོའི”བྱེད་སྒོའི་རྨང་གཞིའི་ཐོག་གི་དམངས་ཕན་བྱ་ཐབས་གཞན་ཞིག་རེད། 2014ལོ་ནས་བཟུང་ལོ་ལྟར་གཙོ་གནད་གྲོང་ཚོ་300གཏན་འཁེལ་བྱས་ནས་སྡོད་ཁང་འཛུགས་སྐྲུན་དང་། ཁོར་ཡུག་ལེགས་བཅོས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེ་ལག་ཚང་པོ་འཛུགས་སྐྲུན་བཅས་གཙོ་བོར་བྱེད་པའི“ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང”བསྐྲུན་ཡོད་པ་རེད། 2020ལོར་སླེབས་སྐབས་ཞིང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། འགྲོ་སྐྱོད་སྟབས་བདེ་སོགས་གཞི་རྩའི་འཚོ་བའི་ཆ་རྐྱེན་ཡོངས་ཁྱབ་ངང་ལེགས་སུ་གཏོང་རྒྱུ་དང་གྲོང་ཚོའི་མི་སྡོད་ཁོར་ཡུག་བཀོད་གཙང་དང་། སྟབས་བདེ། བག་ཕེབས་བཅས་སུ་ཡོངས་ཁྱབ་ངང་བསྐྲུན་ནས་ཁོར་ཡུག་མཛེས་པ་དང་། གྲོང་ཚོ་མཛེས་པ། འཚོ་བ་སྐྱིད་པ་བཅས་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང་ཁག་གཅིག་བསྐྲུན་རྒྱུ་རེད། འདི་ལོ་ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱེད་རིང་ཞིང་འབྲེལ་མ་དངུལ་ཁག་བསྡུ་སྒྲིལ་བཟུང་བཀྱིགས་བརྒྱུད་མཚོ་སྔོན་གྱིས་རྫོང་རིམ་པའི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དཔྱད་ཞིབ་དང་། ཡུལ་དངོས་ཀྱི་ལྟ་སྦྱོང་། རོགས་དངུལ་བྱ་དགར་སྒྱུར་བ། ལེགས་འདེམས་ལེགས་སྤེལ་སོགས་ལྕག་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་དང་། ཆ་སྒྲིག་མཉམ་སྐྲུན། སྤུས་ཚད་ཀྱི་ཚད་གཞི། ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ཞིབ་ཕྲའི་ལྷུ་ཚིགས་དམ་འཛིན། ཡུལ་བབ་དང་བསྟུན་པ་དང་གཅིག་གྱུར་འཆར་འགོད་ཀྱི་བྱ་ཐབས་ལག་བསྟར་བཅས་ཀྱི་ཐོག་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་། བཀོད་སྒྲིག་ལུགས་མཐུན། ནུས་པ་འཐུས་ཚང་། དོ་དམ་ཐད་གོ་རིམ་ཡོད་པ་བཅས་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་སྟོབས་ཤུགས་གཅིག་སྡུད་ངང་བསྐྲུན་རྒྱུ་རེད། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་པའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་ལས་དོན་སྤེལ་རྒྱུ་མ་ཟད། དེ་ཉིད་ས་མཐོའི་མཛེས་སྡུག་ལྡན་པའི་ཤང་གྲོང་བསྐྲུན་རྒྱུའི་གཙོ་གནད་ལས་དོན་ནང་འཇུག་རྒྱུ་རེད། ཙོང་ཆུའི་འགྲམ་ངོགས་དང་མཚོ་སྔོན་པོ་སྐོར་བའི་ཁུལ་གྱི་རྫོང་10དང་གྲོང་ཚོ་30བདམས་ནས་བཙོག་ཆུ་བཅོས་སྒྲིག་གི་ཚོད་ལྟའི་དཔེ་སྟོན་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་གཞིགས་ན། ཤང་དང་གྲོང་རྡལ་ཚང་མ་དང་90%ཡན་གྱི་ཤང་གྲོང་དང་གཙོ་གནད་ཆོས་ལུགས་སྤེལ་ཡུལ་གྱི་གད་སྙིགས་ནུས་ལྡན་ངང་གཅིག་སྡུད་གཙང་སེལ་བྱ་རྒྱུ་དང་ཙོང་ཆུའི་འགྲམ་ངོགས་དང་། རྨ་ཆུའི་ཆུ་གཞུང་། མཚོ་སྔོན་པོ་སྐོར་བའི་ས་ཁུལ་བཅས་དང་དེ་བཞིན་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་དང་རྫོང་གྲོང་མཐའ་འཁོར་གྱི་གྲོང་ཚོ་ཁག་གཅིག་གི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།