འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ར་བསྐོར་བ་དེ་ཕུའུ་ཧྲེ་དགོ་བའི་སེམས་ནད་ཅིག་ཏུ་མི་འགྱུར་བ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རིགས་ཀྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་རྣམ་རྒྱལ་གྱིས་སྦག་སྦག་བཞོན་ཏེ་མཚོ་སྔོན་པོའི་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྟ་སྐུལ་ཚད་ལེན་དང་སྐོར་ཞིབ་བྱེད་པར་བསྐྱོད་ནས་མཚོ་སྔོན་པོའི་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧའེ་ཡན་རྫོང་ཝ་མགྱོགས་ཆུ་བོ་དང་རྐང་ཚ་རྫོང་ཁོངས་ཀྱི་ཧར་དགེའི་ས་མཚམས་སུ་སླེབས་སྐབས་དགོ་བ་7དེ་གར་ཤི་བ་དེ་དག་ནང་ནས་ཁག་གཅིག་ནི་ལྕགས་རར་འཁོན་ནས་ཤི་བ་དང་འགའ་རེའི་ལུས་ཐོག་ནས་ཁྲག་དམར་ཆིལ་ལེར་དོན་བཞིན་ཡོད་པ་མཐོང་། རྣམ་རྒྱལ་གྱིས་དཔོད་ཕྲན་ཐོག་གནས་ཚུལ་དེ་སྤེལ་མ་ཐག་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད།
         ཁ་པར་བརྒྱུད་བཅར་འདྲི་བྱེད་རིང་། རྣམ་རྒྱལ་གྱིས་གསར་འགོད་པར་ཉིན་དེར་རང་ཉིད་ཞོགས་པའི་ཆུ་ཚོད་6ལྷག་ཙམ་ལ་རྡོག་ཐོན་གྱིས་མཚོ་སྔོན་པོའི་འགྲམ་གྱི་ལྕགས་ར་བསྐོར་བའི་རྒྱུད་དུ་སྐོར་གཡེང་སྲུང་སྐྱོང་ལ་འགྲོ་སྐབས་དེ་རྒྱུད་དུ་དགོ་བ་7ཤི་ཟིན་པ་དང་དེའི་ནང་6ནི་དགོ་བ་ཕོ་རེད་འདུག དགོ་བ་མང་པོ་དེ་འདྲ་ཤི་བ་མཐོང་སྐབས་ང་སྐྱོ་བ་ཚད་མེད་སྐྱེས་བྱུང་ཞེས་བཤད།
         ལོ་མང་རིང་སྲུང་སྐྱོབ་བྱས་པ་བརྒྱུད། ཕུའུ་ཧྲེ་དགོ་བའི་གྲངས་འབོར་དེ་དུས་རབས་གོང་མའི་ལོ་རབས་90པར་300ལྷག་ཙམ་ཡོད་པ་ནས་ཆིག་སྟོང་ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ཁྱུ་ཚོགས་ཀྱང་དེ་སྔའི་7ནས་11བར་མང་དུ་ཕྱིན་པ། སྲུང་སྐྱོབ་རིམ་པ་ཆེས་སྟོངས་ཉེ་ནས་སྟོངས་ཉེའི་བར་ཆག་ཡོད།
         ཡིན་ནའང་གསར་འགོད་པས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཕུའུ་ཧྲེ་དགོ་བ་མཚོ་སྔོན་པོའི་འགྲམ་གྱི་ལྕགས་རར་འཁོན་ནས་ཤི་བའི་གསར་འགྱུར་ཡང་སེ་ཐོས་རྒྱུ་ཡོད་པ་དང་ས་ཆ་དེ་གར་ལྕགས་ར་མང་པོ་བསྐོར་ཡོད་པས་ཁྱུ་ཚོགས་དབར་རྒྱུད་པ་སྤེལ་རེས་བྱ་རྒྱུར་འགོག་རྐྱེན་བཟོས་པ་དང་རྒྱུག་འགྲོ་བའི་མྱུར་ཚད་ལ་ཚོད་འཛིན་ཕོག་པ་མ་ཟད། དགོ་བ་གསོད་མཁན་གྱི“ལག་དམར་བ”ཞིག་ཏུའང་གྱུར་ཡོད།
         ལོ་མང་རིང་། འཛམ་གླིང་ཐོག་སྐྱེ་དངོས་རིགས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཀྲུང་གོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ཡོད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་ང་ཚོས་ངེས་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལའང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས། ང་ཚོས་སེམས་གཏིང་ནས་ལྕགས་ར་དེ་དག་ཕུའུ་ཧྲེ་དགོ་བ་གསོད་མཁན་གྱི“ལག་དམར་བ”ཞིག་ཏུ་མི་འགྱུར་བའི་རེ་བ་བྱེད་བཞིན་ཡོད་ལ། མཚོ་སྔོན་པོའི་འགྲམ་དུ་འཚོ་གནས་བྱེད་མཁན་གྱི“ས་མཐོའི་སྤྱང་གྲུང་ཅན”དེ་དག་གིས་ཀྱང་ལྕགས་ར་མེད་པའི་ཁྱིམ་གཞིས་ཤིག་ཡོང་རེ་བྱེད་ཀྱི་ཡོད་པས་ལྕགས་ར་བསྐོར་བ་དེ་ཕུའུ་ཧྲེ་དགོ་བའི་སེམས་ནད་ཅིག་ཏུ་མི་འགྱུར་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།