འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་དུ་ས་ཡོམ་བྱུང་བའི་ཁྲོད་མི་116རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་14ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་6ཉིན་གྱི་སྐྱ་རེངས་སུ་ཐའེ་ཝན་ལྷོ་རྒྱུད་དུ་ས་ཡོམ་རིམ་པ་6.7བྱུང་ནས་ཐོག་བརྩེགས་16ཡོད་པའི་ཝེ་ཀོན་ཐོག་ཁང་ཆེན་མོ་ནུབ་ནས་ཤར་ཕྱོགས་སུ་ལོག་ཉིལ་བྱུང་ཞིང་། སྡོད་དམངས་མང་པོ་གྱང་རོའི་འོག་ཏུ་མནན་པ་དང་ཐོག་ཁང་ཆེན་མོ་ལོག་ཉིལ་བྱུང་བ་འདི་ཐེངས་འདིའི་ས་ཡོམ་ཁྲོད་གྱོང་གུན་ཐེབས་ཚབས་ཆེ་ཤོས་ཀྱི་ས་ཁོངས་སུ་གྱུར་པ་རེད། ཚེས་13ཉིན་གྱི་ཆུ་ཚོད་16དང་སྐར་མ་20བར་དུ། མྱུར་སྐྱོབ་མི་སྣས་ལོག་ཉིལ་བྱུང་བའི་ཐོག་ཁང་ཆེན་མོའི་ནང་དུ་འགགས་པའི་མི་བསྡོམས་པས་289རྙེད་ཅིང་། དེ་ཚོའི་ཁྲོད་དུ་མི་175སྲོག་ཉེན་ལས་ཐར་བ་དང་མི་114རྐྱེན་ལམ་དུ་ཤོར་བ་རེད། ས་ཁུལ་གཞན་དུ་རྐྱེན་ལམ་དུ་ཤོར་བའི་མི་གཉིས་བསྣན་ཚེ་ཐེངས་འདིའི་ས་ཡོམ་ཁྲོད་དུ་བསྡོམས་པས་མི་116རྐྱེན་ལམ་དུ་ཤོར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།