འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གཉིས་པར”དམངས་སྲིད་རྣམ་གྲངས་146ལག་
    བསྟར་བྱས་ནས་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དམངས་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་གཞི་རྟེན་གལ་ཆེན་དུ་བྱས་པ་དང་འབྲེལ། མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.86(དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་5.31དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར་0.55ཚུད་པ)བཀོད་སྒྲིག་བྱས་ནས་རྒན་གསོའི་ཞབས་ཞུ་དང་། བྱིས་པའི་ཕན་བདེ། སྡེ་ཁུལ། དུར་འཇུག དཔའ་བོའི་བང་སོ་ཁང་། དངོས་ཟོག་གསོག་འཇོག་མཛོད་ཁང་སོགས་དམངས་སྲིད་རྣམ་གྲངས་146ལག་བསྟར་བྱས་པས་ཞིང་ཆེན་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
         ལོ་5རིང་། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུ་སྔར་བས་མགྱོགས་སུ་བཏང་ཞིང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2.52དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར་0.5རྒན་གསོ་ཁང་དང་སྡེ་ཁུལ་གྱི་རྒན་རྒོན་ལྟ་རྟོག་ལྟེ་གནས་སོགས་སྒྲིག་གཞི་69ཡི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཏང་ནས་ཁྱིམ་དུ་སྡོད་རྒྱུ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྟེན་སར་བྱེད་པ། སྒྲིག་གཞི་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་རགས་ཙམ་ཞིག་བཙུགས་ཡོད། དུས་མཚུངས་སྡེ་ཁུལ་དང་བྱིས་པའི་ཕན་བདེའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་0.8བཀོད་སྒྲིག་བྱས་ཏེ་བྱིས་པའི་ཕན་བདེ་ཁང་9དང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས་31བསྐྲུན་ནས་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་དང་དོ་དམ་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་དུར་འཇུག་དང་དཔའ་བོའི་བང་སོ་ཁང་སོགས་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་1.08བཀོད་སྒྲིག་བྱས་ཏེ་པུར་ཁང་21གསར་སྐྲུན་(རྒྱས་སྐྲུན)དང་དཔའ་བོའི་བང་སོ་ཁང་10བསྐྱར་སྐྲུན་བྱས་པས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྔར་བས་འཕེལ་རྒྱས་ཕྱིན་ཡོད། དུས་མཚུངས་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད་སྐྲུན་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་0.91དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར་0.05བཀོད་སྒྲིག་བྱས་ཏེ། ཞིང་ཆེན་རིམ་པའི་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད་ཁང་1དང་ཀྲོའུ་རིམ་པའི་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད་ཁང་5བསྐྲུན་པས། མཚོ་སྔོན་ཞིང་ཆེན་གྱི་གེགས་སེལ་མཛོད་ཁང་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་ཕྱིན་པ་མ་ཟད། གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།