འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་གསར་པ་ནས་ཚོད་ལྟའི་གནམ་གྲུ་
    འཕུར་སྐྱོད་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་གསར་པ་ནས་ཚོད་ལྟའི་གནམ་གྲུ་
འཕུར་སྐྱོད་ལེགས་གྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་6ཉིན་ཀྲུང་གོ་སྲིད་གཞུང་གིས་གཞུང་བསྡུས་བེད་སྤྱོད་བཏང་བའི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་གཉིས་ཧའེ་ནན་ཞིང་ཆེན་གྱི་ཧའེ་ཁུའོ་མའེ་ལན་གནམ་གྲུ་འབབ་ཐང་ནས་འཕུར་ཏེ་ཆུ་ཚོད་གཉིས་ཀྱི་རིང་ལ་འཕུར་སྐྱོད་བྱས་པ་བརྒྱུད་ཉིན་དེའི་ཆུ་ཚོད་10:21དང་ཆུ་ཚོད་10:46གི་སྟེང་བདེ་བླག་ངང་ནན་ཧྲའི་ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གསར་དུ་བསྐྲུན་པའི་གནམ་གྲུ་འབབ་ཐང་དུ་བབས་པ་དང་། ཉིན་དེའི་ཕྱི་དྲོར་སླར་ཧའེ་ཁུའོ་གནམ་གྲུ་འབབ་ཐང་དུ་ཕྱིར་ལོག་པས། ནན་ཧྲའི་ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་ནས་ཧའེ་ཁུའོ་གནམ་གྲུ་འབབ་ཐང་དུ་ཚོད་ལྟའི་གནམ་གྲུ་འཕུར་སྐྱོད་ལེགས་གྲུབ་བྱུང་། ནན་ཧྲའི་ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་འདི་ནི་མིག་སྔར་རང་རྒྱལ་གྱི་ཆེས་ལྷོ་ཕྱོགས་ན་ཡོད་པའི་གནམ་གྲུ་འབབ་ཐང་ཞིག་ཡིན་པ་རེད།
    ༄༅།།ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་གསར་པ་ནས་ཚོད་ལྟའི་གནམ་གྲུ་
འཕུར་སྐྱོད་ལེགས་གྲུབ་བྱུང་བ།
    ༄༅།།ཡོང་ཧྲུའུ་བྲག་རྡོ་གླིང་ཕྲན་གྱི་གནམ་གྲུ་འབབ་ཐང་གསར་པ་ནས་ཚོད་ལྟའི་གནམ་གྲུ་
འཕུར་སྐྱོད་ལེགས་གྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།