འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འབྲོག་ཟོག་གིས་ལྷ་སའི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་ཏུའུ་ལན་རྫོང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབར་ལྷ་སར་ཞིང་ཞོར་ཐོན་རྫས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་དོན་ལ་མིང་རྟགས་བཀོད་ནས། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་འདི་ཉིད་ཏུའུ་ལན་རྫོང་གི་ཚགས་ཤ་དང་ལུག་ཤ་ལྷ་སར་དམིགས་བསལ་ཆོག་མཆན་ཐོབ་པའི་ཕྱིར་ཚོང་ཁང་དུ་གྱུར་ཡོད། ཏུའུ་ལན་རྫོང་གི་སྤུས་ལེགས་ཚགས་ཤ་ལུག་ཤ་དང་མར་སོགས་དམངས་ཕན་ཐད་ཚོང་རླངས་འཁོར་བརྒྱུད་ལྷ་སའི་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཏུའུ་ལན་རྫོང་འདི་ཉིད་མཚོ་ནུབ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དུ་གནས་ཤིང་ཞིང་འབྲོག་ལས་ཐོན་སྐྱེད་རྫོང་ཆེན་ཞིག་ཡིན་ཏེ་ས་རྒྱ་ཆེ་བ་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། གསར་སྤེལ་བྱེད་སྔ་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཏུའུ་ལན་རྫོང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་གྲོང་མིའི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཁྲེང་ཀོན་ཆུས་ཀྱིས་གདན་ཞུ་བྱས་པ་བརྒྱུད་ཏུའུ་ལན་རྫོང་གི་རྟོག་ཞིབ་ཚོགས་པས་ཁྲེང་ཀོན་ཆུས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་རྟོག་ཞིབ་བྱས་ནས་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་2015ལོའི་ཟླ་11ཚེས་13ཉིན་ནས་འདི་ལོའི་བོད་ཀྱི་ལོ་གསར་གོང་ཁག་3ལ་དབྱེ་ནས་དབྱི་སི་ལན་གྱི་ཕྱག་ཁང་དང་། བར་སྐོར་ཚོང་གྲོང་། གྲྭ་བཞི་དོན་གཅོད་ཁྲུའུ། ཀུན་བདེ་གླིང་དོན་གཅོད་ཁྲུའུ་སོགས་མི་སྣ་འགྲོ་འོང་བྱེད་མང་བའི་ཁུལ་9ཡི་ཞིང་ཞོར་ཐོན་རྫས་དམངས་ཕན་མཁོ་སྤྲོད་ཁུལ་དུ་ཚགས་ཤ་དང་ལུག་ཤ་ཏུན་300ལྷག་ཙམ་བཏོན་པ་དང་། ཚགས་ཤ་དང་ལུག་ཤ་བཏོན་ཚུན་ཆ་སྙོམས་ཉིན་རེར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3ནས་4བར་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།