འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ས་ཁུལ་དབུལ་པོར་ལོ་15ཡི་རིན་མེད་སློབ་གསོ་ཁྱབ་སྤེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་07ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་གྱི་བོད་རིགས་ས་ཁུལ་གྱི་ཀྲོའུ་དྲུག་གི་སློབ་མ་ཚང་མ་དང་དེ་བཞིན་ཟི་ལིང་དང་མཚོ་ཤར་གྱི་དུད་ཚང་དབུལ་པོའི་སློབ་མ་ཚོར་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་དང་། སློབ་གསོའི་དམངས་ཕན་དེ་དབུལ་ཕོངས་ས་ཁུལ་དང་དུད་ཚང་དབུལ་པོ་ཚང་མར་ཁྱབ་རྒྱུ་ཡིན་པ་རེད།
         ལོ་མང་བསྟུད་མར་མཚོ་སྔོན་ནོར་སྲིད་ཀྱིས་དམངས་འཚོ་ལེགས་གཏོང་ཐད་འགྲོ་གྲོན་བཏང་ཚད་75%ཙམ་ཟིན་པ་དང་འབྲེལ་ད་དུང་མུ་མཐུད་འཕར་བཞིན་ཡོད་པ་རེད། འཕེལ་རྒྱས་འགོར་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱིས་ལྷག་དོན་དུ་སློབ་གསོའི་དམངས་ཕན་དང་སློབ་གསོའི་དབུལ་སྐྱོར་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དེས་བོད་རིགས་ས་ཁུལ་གྱི་ཀྲོའུ་དྲུག་ཏུ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་ཁྱབ་སྤེལ་གཏོང་རྒྱུ་སྔོན་དུ་འཚོལ་ཞིབ་བྱས་པ་རེད། 2012ལོ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གིས་རྫོང་དེ་ཡོངས་སུ་ལོ་15ཡི་རིན་མེད་སློབ་གསོ་ལག་བསྟར་བྱས་ནས་ཐེམ་ཁོངས་རྫོང་དེ་ནས་ཡིན་པའི་མི་སྣར་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་སློབ་ཡོན་མི་དགོས་པ་དང་། སློབ་དེབ་གྲོན་དངུལ་མི་དགོས་པ། ཞག་སྡོད་གྲོན་དངུལ་མི་དགོས་པ། བཟའ་བཏུང་གྲོན་དངུལ་མི་དགོས་པ་སོགས་ལོངས་སྤྱོད་ཐུབ་ཡོད་པ་རེད། 2015ལོའི་ལོ་མཇུག་ཏུ་ཞིང་ཆེན་དེས་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོས་རྗེས་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོའི་དམངས་ཕན་ཐོབ་ཤུགས་ཆེ་རུ་བཏང་བས་ཟི་ལིང་དང་མཚོ་ཤར་གྱི་དུད་ཚང་དབུལ་པོའི་ཁྱིམ་ཚང་གི་སློབ་མར་ཡང་དམངས་ཕན་བྱེད་ཐབས་དེ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད། ལོ་15ཡི་རིན་མེད་སློབ་གསོ་རྩ་བའི་ཆ་ནས་ཞིང་ཆེན་དེའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་ས་ཁུལ་དང་དུད་ཚང་དབུལ་པོ་རུ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།