འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འདི་ལོ་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་9000ལྷག་ཙམ་མང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཧའེ་ནན་གླིང་སྐོར་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་སྦྲགས་2015ལོའི་ལྕགས་ལམ་འཛུགས་སྐྲུན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་8200བཏང་ནས་ལྕགས་ལམ་གཉེར་སྐྱོང་ལམ་ཐིག་སྤྱི་ལེ་9000ལྷག་ཙམ་རྒྱ་སྐྱེད་བཏང་ནས་རྣམ་གྲངས་61གསར་དུ་ལས་འགོ་བཙུགས་པ་རེད། 2015ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་གཉེར་སྐྱོང་ལམ་ཐིག་སྤྱི་ལེ་ཁྲི་12ལས་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་1.9ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།