འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོར་གཤོང་ཆེ་དྲ་རྒྱའི་ཁྱབ་ཚད་80%ཟིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་05ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་12པའི་ཟླ་མཇུག་གི་བར་དུ། བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྱོན་བསྡོམས་པའི་4208ལ་གཤོང་ཆེ་དྲ་རྒྱ་ཁྱབ་ཡོད་པས། སྲིད་འཛིན་གྲོང་ཚོར་གཤོང་ཆེ་དྲ་རྒྱ་ཁྱབ་པའི་ཚད་དེ“ལོ་ལྔ་ཚན་བཅུ་གཅིག”པའི་མཇུག་གི་19.6%ནས་80%རུ་འཕར་ཡོད་པ་རེད། 
         གསར་འགོད་པས་ཉེ་སྔོན་འཚོགས་པའི་བོད་ལྗོངས་ཆ་འཕྲིན་འཕྲིན་གཏོང་ལྟ་ཞིབ་དོ་དམ་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་སུ་མཐུན་སྦྲེལ་དྲ་རྒྱ་སྤྱོད་པའི་དུད་ཚང་ཁྲི་187ཟིན་ཡོད་པ་དང་ཁྱབ་ཚད་59%ཡིན་ལ། དེའི་ནང་གཤོང་ཆེ་དྲ་རྒྱ་གཏན་འཇགས་ངང་བཀོལ་སྤྱོད་བྱེད་པའི་དུད་ཚང་ཁྲི་25.5ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།