འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་བཟོས་གྲུབ་པའི་དུམ་བུར་རླངས་འཁོར་ཤར་གཏོང་
    ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་9ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་11སྟེང་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱེད་འགོ་དངོས་སུ་བརྩམས་ཤིང་། ཚོད་ལྟའི་དུས་ཚོད་དེ་2015ལོའི་ཟླ་9ཚེས་15ཉིན་ནས་2016ལོའི་ཟླ་3ཚེས་15ཉིན་བར་ལོ་ཕྱེད་ཙམ་ཡིན་པ་དང་། རླངས་འཁོར་ཤར་གཏོང་ཚོད་ལྟ་བྱེད་པའི་རིང་ལ་ཆུ་ཚོད་རེར་སྤྱི་ལེ་80རེ་ཙམ་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཞིང་། ཚོད་ལྟའི་དུས་ཚོད་མཇུག་རྫོགས་རྗེས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྤྱི་ཚོགས་ཀྱི་བསམ་འཆར་དང་། མྱུར་ཚད་ལྟ་ཞིབ་ཚད་ལེན་བྱས་ཚུལ། བདེ་སྲུང་སྒྲིག་ཆས་འཁོར་སྐྱོད་བྱེད་ཚུལ་འཐུས་ཚང་ཡིན་མིན་སོགས་ལ་གཞིགས་ཏེ་ཤར་སྐྱོད་ཚོད་འཛིན་རླངས་འཁོར་དང་། མྱུར་ཚད་ཚོད་འཛིན་སོགས་ལ་ཡང་བསྐྱར་ལེགས་སྒྲིག་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།