འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྨེ་རུ་དགོན་གྱི་པར་ཁང་གཞི་ཁྱོན་ཆེན་པོས་ཉམས་གསོ་སྲུང་སྐྱོང་
    བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་15ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་རྨེ་རུ་དགོན་གྱི་པར་ཁང་གཞི་ཁྱོན་ཆེན་པོས་ཉམས་གསོ་སྲུང་སྐྱོང་
བྱེད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་ས་རྨེ་རུ་དགོན་གྱི་པར་ཁང་གཞི་ཁྱོན་ཆེན་པོས་ཉམས་གསོ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།
         རྨེ་རུ་དགོན་གྱི་པར་ཁང་ནི་དེ་སྔའི་པར་འདེབས་ལག་རྩལ་སྤྱད་ནས་བོད་ཡིག་དཔེ་ཆ་པར་འདེབས་བྱེད་པའི་པར་ཁང་ཞིག་ཡིན་ཞིང་། དུས་ཡུན་རིང་པོ་སོང་བ་དང་ཆར་རླུང་གིས་རྐྱེན་པས་པར་ཁང་གི་གདུང་མ་དང་། ཀ་བ། གྱང་ལྡེབས་སོགས་ལ་སྐྱོན་ཚབས་ཆེན་ཕོག་ཡོད།
         རྨེ་རུ་དགོན་གྱི་པར་ཁང་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་ཤར་ལམ་དུ་གནས་པ་དང་། ད་ཆ་དགོན་པའི་ཕྱི་རུ་ལས་ཁྲི་བརྒྱབ་ནས་བཟོ་པ་ཚོས་ངལ་རྩོལ་གྱི་གླུ་སྒྲ་དང་བསྡོངས་ནས་གནའ་བོའི་པར་ཁང་དེར་ཉམས་གསོ་བྱེད་བཞིན་ཡོད།
         རྨེ་རུ་དགོན་གྱི་པར་པ་སྐལ་བཟང་ཟླ་བས་གསར་འགོད་པར་འདི་ལོའི་ཟླ་བརྒྱད་པ་ནས་བཟུང་རྨེ་རུ་དགོན་གྱི་པར་ཁང་ཉམས་བཟོ་བྱེད་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཆེད་དངུལ་སྒོར་ཁྲི་3000ཙམ་བཏང་བ་རེད་ཅེས་དང་། ཉམས་གསོ་བྱེད་རིང་སྔར་ཡོད་བཞིན་ཉམས་གསོ་བྱེད་པའི་རྩ་དོན་ལྟར་སྔར་ཡོད་ཁང་པའི་རྒྱ་ཁྱོན་དང་། བཟོ་ལྟ། ཀ་བ་དང་གདུང་མ་སོགས་གྲུབ་ཆར་བཟོ་བཅོས་མི་རྒྱག་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཨར་པོ་ལྟར་ཉམས་གསོ་བྱ་རྒྱུ་རེད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།