འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་བེད་བོད་སྐྱོར་གྱི"ལོ་ལྔ་ཚན་བཅུ་གཉིས་པའི"རིང་དོན་འཁྱོལ་བྱས་པའི་སྤྱིའི་
    མ་དངུལ་སྒོར་དུང་ཕྱུར་228ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་16ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གིས་བོད་ཀྱི་ཆུ་བེད་ལ་དམིགས་བསལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཆུ་བེད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་། སྔོན་དཔག་ལྟར་ན། འདི་ལོའི་ལོ་མཇུག་ཏུ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་228དོན་འཁྱོལ་བྱ་རྒྱུ་ཡིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་3.26ཡིན་པ་དང་། དེ་བོད་ཀྱི་ཆུ་བེད་བྱ་གཞག་གོང་འཕེལ་གཏོང་བའི་ལོ་རྒྱུས་ཐོག་གི་མ་དངུལ་གཏོང་མང་ཤོས་དང་། འཛུགས་སྐྲུན་གྱི་ཕན་འབྲས་ལེགས་ཤོས། ལས་རིགས་ཀྱི་ནུས་པ་ཆེ་ཤོས། ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་ལྔར་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གཙོ་ཆེའི་ཆུ་བེད་འཛུགས་སྐྲུན་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། རྐང་འཛིན་ལས་གྲྭའི་མ་ལག་རིམ་བཞིན་ཆགས་ཡོད། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་སྦྲགས་ཕན་འབྲས་ཀྱང་ཐོན་པ་དང་། གཙང་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ། “གཙང་པོ་གཅིག་དང་ཆུ་བོ་གཉིས”རྒྱུག་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་བཏང་བ་དང་། ལ་ལྷོ་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ ཡར་ཀླུང་ཆུ་མཛོད་དང་། ཁྲ་གཡང་ཆུ་མཛོད། ཉང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོང་ལས་གྲྭ་སྐྲུན་འགོ་ཚུགས་ནས་བོད་ཀྱི་རྐང་འཛིན་ཆུ་བེད་སྒྲིག་བཀོད་འགན་ལེན་བྱེད་པའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
         དམངས་འཚོའི་ཆུ་བེད་འཕེལ་རྒྱས་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་བས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལོ་5ཡི་རིང་རིམ་རྩིས་བྱས་ན། གྲོང་གསེབ་ཀྱི་མི་འབོར་ཁྲི་74.1གི་དྭངས་གཙང་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། དགོན་སྡེ་1400ལྷག་ཙམ་ལ་འཐུང་ཆུ་ཤར་གཏོང་ཐུབ་པ། རྫོང་10ཡི་ཆུ་ཁུངས་ཕྱོགས་བསྡུས་བཅོས་སྐྱོང་དང་རྫོང་19ཡི་ཆུ་ཁུངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་15.4ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད། ཡར་ཀླུང་གཙང་པོ་སོགས་ཆུ་བོ་གལ་ཆེན་9དང་ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་90བཅོས་སྐྱོང་བྱས་པ་དང་། རྫོང་དང་། ཆུས། གྲོང་ཁྱེར་བཅས་ལ་འབྲུབ་འགོག་རྣམ་གྲངས་34ལག་བསྟར་བྱས་པ། རྫོང་70རུ་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ཀྱི་ལས་གྲྭ་མིན་པའི་བྱེད་ཐབས་ཀྱི་འཛུགས་སྐྲུན་བྱས་པ། སྐྱོན་ཅན་དང་ཉེན་ཅན་གྱི་ཆུ་མཛོད་ཆུང་གྲས་23བརྟན་དུ་གཏོང་བའི་ལས་འགན་ལེགས་སྒྲུབ་བྱས་ཡོད། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་150གསར་སྣོན་དང་ལེགས་བཅོས་བྱས་པ་དང་། གྲོང་གསེབ་ཀྱི་ཆུ་གློག་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་8.99གསར་དུ་འཕར་བ། གློག་མེད་པའི་ས་ཁུལ་གྱི་དུད་ཚང་ཁྲི་5.5དང་མི་གྲངས་ཁྲི་27གྱི་གློག་གི་གནད་དོན་ཐག་གཅོད་བྱས་པས། གྲོང་གསེབ་ཀྱི་གློག་ཤུགས་མི་འབོར་ལ་ཁྱབ་ཚད་95%ཟིན་ཡོད།
         དེ་དང་ཆབས་ཅིག་བོད་ཀྱི་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱས་པ་དང་། ས་ཆུ་ཤོར་བའི་ཞིང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་545བཅོས་སྐྱོང་བྱས་པ། གཟན་རྩྭ་འདེབས་ས་དང་རྩྭ་རའི་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་9.1ཆེ་རུ་ཕྱིན་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། གཙང་པོ་དང་མཚེའུ་ཡི་ཆུའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཧུར་ཐག་བྱས་པས་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་ཆུ་མཛོད་གལ་ཆེན་གྱི་ཆུའི་སྤུས་ཚད་ཚད་ལོན་ཚད་97%ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།