འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དམིགས་བསལ་དགེ་རྒན་199ལ་2015ལོའི་ལོ་འཁོར་གྱི་དམིགས་བསལ་
    དགེ་རྒན་གྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་10ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དམིགས་བསལ་དགེ་རྒན་199ལ་2015ལོའི་ལོ་འཁོར་གྱི་དམིགས་བསལ་
དགེ་རྒན་གྱི་བྱ་དགའ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། སློབ་གསོ་པུའུ། འགྲིམ་འགྲུལ་དངུལ་ཁང་བཅས་ཀྱིས་མཉམ་དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་2015ལོའི་ལོ་འཁོར་གྱི“འགྲིམ་འགྲུལ་དངུལ་ཁང་གི་དམིགས་བསལ་དགེ་རྒན་བྱ་དགའ”ཐོབ་པའི་མིང་ཐོ་པེ་ཅིང་མཉམ་འབྲེལ་སློབ་ཆེན་དམིགས་བསལ་སློབ་གླིང་དུ་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་དམིགས་བསལ་དགེ་རྒན་199ལ་གཟེངས་བསྟོད་ཐོབ་པ་རེད།
         ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭ་2000ཡོད་པར་ཆེད་འགན་འཁུར་མཁན་གྱི་དགེ་རྒན་ཁྲི་4.81ཡོད་པ་རེད། 《དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཆེད་ལས་ཚད་གཞིའི་(ཚོད་ལྟའི་ལག་བསྟར)》ནང་དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཆེད་ལས་ལག་ཁྱེར་ལམ་ལུགས་དང་འཇུག་འཐུས་ཚད་གཞི་བཟོ་དགོས་ལུགས་བཏོན་ནས་དམིགས་བསལ་དགེ་རྒན་གྱིས་དགེ་རྒན་གྱི་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་བསམ་བློ་ལྡན་པ་བྱས་ཏེ་སློབ་མའི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། “དམིགས་བསལ་སློབ་གསོར་དམིགས་བསལ་གྱི་གཅེས་སེམས་དང་ལེགས་སྐྱེས་འབུལ་དགོས་ལ་གཅེས་སེམས་ནི་དེ་དག་མཚོན་པའི་བྱ་ཐབས་ཡག་ཤོས་ཡིན་པ་དང་ངང་རྒྱུད་རིང་པོ་བྱ་དགོས་པ་ནི་ལས་ཀའི་བྱ་ཐབས་ཡག་ཤོས་རེད”ཅེས་ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་རྫོང་ དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཀྲོའུ་ཧྲུའུ་ཡིང་གིས་བྱ་དགའ་རག་པའི་དགེ་རྒན་གྱི་ཚབ་ཞུས་ནས་དེ་ལྟར་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།