འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་6621ལ་འཕར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་02ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་གསར་འགྱུར་སྤེལ་དུས། ནེ་པ་ལ་རྒྱལ་ཁབ་ཏུ་ཟླ་4ཚེས་25ཉིན་བརྒྱབ་པའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་6621ལ་འཕར་ཡོད་པ་དང་། རྨས་སྐྱོན་ཕོག་པའི་མི་གྲངས་14023ཟིན་པ་རེད། ནེ་པ་ལའི་ནང་སྲིད་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་མིག་སྔའི་གཞི་གྲངས་ལྟར་ན། གནོད་སྐྱོན་ཐེབས་པའི་རྫོང་29ཡི་ཁྲོད་ནས་རི་ཁུལ་དུ་ཡོད་པའི་ཞིན་ཏུའུ་ཕར་ཆའོ་ཁི་རྫོང་གི་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཆེས་ཛ་དྲག་ཡིན་པ་དང་། ཟླ་5ཚེས་1ཉིན་གྱི་ཉིན་གུང་བར། རྫོང་དེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་2020ལ་འཕར་ཡོད་ཅིང་། མི་སྟོང་ཕྲག་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།