འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་བུ་མོ་སྤེན་པ་བདེ་སྐྱིད་ཀྱིས་བསྒྱུར་གཞས་<<སྙིང་སྡུག་ལགས་>>ཞེས་པ་བཏང་
    མ་ཐག་མི་མང་གི་དོ་ཁུར་བྱ་ཡུལ་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་རིགས་བུ་མོ་སྤེན་པ་བདེ་སྐྱིད་ཀྱིས་བསྒྱུར་གཞས་<<སྙིང་སྡུག་ལགས་>>ཞེས་པ་བཏང་
མ་ཐག་མི་མང་གི་དོ་ཁུར་བྱ་ཡུལ་དུ་གྱུར་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བུ་མོ་སྤེན་པ་བདེ་སྐྱིད་ཀྱིས་བསྒྱུར་ལེན་བྱས་པའི་གླུ་གཞས་<<སྙིང་སྡུག་ལགས་>>ཞེས་པ་དེ་དྲ་རྒྱའི་སྟེང་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། གཞས་འདི་དྲ་ཐོག་ནས་ཉན་པའི་ཐེངས་གྲངས་བྱེ་བ་ལས་བརྒལ་ཡོད།  བུ་མོ་སྤེན་པ་བདེ་སྐྱིད་ཀྱིས་སྙན་འཇེབས་ལྡན་པའི་ངང་ནས་beyondཡི་གླུ་གཞས་གྲགས་ཅན་<<སྙིང་སྡུག་ལགས་>>ཞེས་པ་དེ་བསྒྱུར་ལེན་བྱས་ཤིང་ཉན་མཁན་ཚོའི་ཡིད་དབང་འཕྲོག་པ་རེད།
         སྤེན་པ་བདེ་སྐྱིད་ནི་ལྷ་མོ་འཁྲབ་མཁན་གྱི་ཁྱིམ་ཚང་ཞིག་ནས་ཡིན་ལ། ཁོ་མོ་ཡང་རང་ཉིད་ཀྱི་ཨ་མ་ནང་བཞིན་ནང་བཞིན་ལྷོ་མོ་འཁྲབ་མཁན་ཞིག་ཡིན་པ་མ་ཟད། ཆུང་དུས་ནས་གླུ་ལེན་པར་ཡང་ཤིན་ཏུ་དགའ་པོ་བྱེད་ཀྱི་ཡོད་པ་རེད།
    ༄༅།།བོད་རིགས་བུ་མོ་སྤེན་པ་བདེ་སྐྱིད་ཀྱིས་བསྒྱུར་གཞས་<<སྙིང་སྡུག་ལགས་>>ཞེས་པ་བཏང་
མ་ཐག་མི་མང་གི་དོ་ཁུར་བྱ་ཡུལ་དུ་གྱུར་པ།
      

    ཕྱོགས་བསྡུས་གསར་འགྱུར།