འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་འཐུས་མི་ཚོགས་པས་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་
    གྲོས་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན་གང་དང་ཚེས་8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི(འཆར་ཟིན)སྐོར་གྱི་སྙན་སྒྲོན་དང་2014ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2015ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས(འཆར་ཟིན)སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱས་པ་རེད།
         བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་བཅས་གྲོས་ཞིབ་ལ་ཕེབས་ཡོད། ནོར་སྲིད་པུའི་པུའུ་ཀྲང་ལོའུ་ཅི་ཝུའེ་ཡང་ཚོགས་འདུར་བསམ་འཆར་དང་གྲོས་འགོ་གསན་པར་ཕེབས་ཡོད། 
         གྲོས་ཞིབ་བྱེད་རིང་ཁྲེན་ཆོན་གོ་དང་། བློ་བཟང་རྒྱལ་མཚན། ཏིང་ཀྲུང་ལི། ཁྲང་ཞའོ་པིང་། ཐང་ཞའོ། ཕུན་ཚོགས། ཧུང་ཝུའེ། ཡེ་ཤེས་སྒྲོལ་དཀར་སོགས་འཐུས་མི་དང་ཉི་མ་རྡོ་རྗེ་དང་བདེ་སྐྱིད་སྒྲོལ་དཀར་སོགས་ཟུར་ཞུགས་མི་སྣས་སྙན་སྒྲོན་ལ་དམ་པོར་དམིགས་ཏེ་གཏམ་བཤད་སྤེལ་ནས་ཇུས་ཤུགས་ཧུར་ཐག་བཏོན་ཞིང་། ཚང་མས་འདས་ཟིན་པའི་ལོ་གཅིག་ནང་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་འཕྲད་སྐབས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འཕར་གཞི་འགན་ལེན་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ལ་གཅིག་འདོམས་བཅས་བྱས་པས། རྒྱུན་རྣམ་གསར་པའི་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆར་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ནོར་སྲིད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡར་རྒྱས་གསར་པ་བྱུང་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་བ་དང། འཆར་གཞི་ལག་བསྟར་བྱས་ཚུལ་དང་སྔོན་རྩིས་ལེགས་གྲུབ་བྱས་ཚུལ་སྤྱིའི་ཆར་ཡག་པོ་བྱུང་བའི་ངོས་འཛིན་བྱས་པ་རེད།
         འཐུས་མི་ཚོས་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་གཅིག་རྒྱུན་གཅིག་འཛིན་ཡིན་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་ནང་གནས་ཆོས་ཉིད་གང་ལེགས་མཚོན་ཞིང་། གཙོ་གནད་མངོན་གསལ་དོད་པ་དང་རྩིས་ཁྲ་ཁ་གསལ་བ་དེས་རྒྱལ་ཡོངས་མི་དམངས་ལ་ལན་ཁ་གསལ་ཞིག་བཏབ་ཡོད་པས་འདི་ལོའི་ལས་དོན་བཀོད་སྒྲིག་ཚན་རིག་དང་མཐུན་ལ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
         འཐུས་མི་ཚོས་མིག་སྔར་བོད་ལ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་ལས་འགན་ཆེན་པོ་གཉིས་འཕྲད་ཡོད། ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོན་ཆུང་བསྲི་ཚགས་ནན་ཏན་བྱས་ཏེ་དངུལ་སྐར་ལི་གཅིག་ཡིན་ཡང་དགོས་མཁོ་ཆེ་སར་སྤྱོད་པ་དང་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐོག་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
         འཐུས་མི་ཚོས་ད་དུང་འགྲིམ་འགྲུལ་འཕྲིན་གཏོང་དང་། སྣོད་བཅུད་ཁ་གསབ། ཡུལ་སྐོར་གོང་འཕེལ། ཁྱད་ལྡན་ཐོན་ལས། ནུས་རྒྱུའི་གྲུབ་ཆ་སོགས་བརྗོད་དོན་གཙོ་བོར་གྲོས་བསྡུར་འཁྲུག་པོ་བྱས་པ་མ་ཟད། གྲོས་འགོ་དང་བསམ་འཆར་ཡང་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།