འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀྲོའུ་དབྱི་ཧྥུང་གིས་རང་ཉིད་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ས་རྒྱུ་
    ལེགས་སུ་བཏང་བ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།2013ལོའི་ཟླ་བདུན་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསར་པ་ཞིག་ཡིན་པའི་ཀོང་ཏུང་འགྱིག་ཤོག་ཉོ་ཚོང་སུའོ་ཡི་ཀྲུའུ་ཞི་ཧུང་ཏ་ཤིང་ཡེ་ཚོགས་པའི་ཏུང་ཧྲི་ཀྲང་ཀྲོའུ་དབྱི་ཧྥུང་གིས་ས་རྒྱུའི་སྦགས་བཙོག་ཐད་མཉམ་སྡེབ་གཟིགས་ཞིབ་དང་བརྟག་ཞིབ་བྱེད་པའི་ནང་སྤྲོ་སྣང་ཆེན་པོས་ཞུགས་ཤིང་། ཁྱིམ་དུ་ལོག་རྗེས“ཀོང་ཏུང་གི་ས་རྒྱུའི་སྤུས་ཚད་ཇེ་ཞན་དུ་འགྲོ་བའི”གནས་ཚུལ་མིག་མདུན་དུ་འཁོར་སྐབས་ཁོང་མཚན་གང་གཉིད་ཁུག་མེད།
         ཁོང་གིས“གཙོ་བོ་སྐྱུར་འདུས་ཚད་མང་དྲགས་པ་དང་ས་ཆ་ཁག་གཅིག་གི་PH་ཚད་གཞི4.0ལྷག་ཙམ་ཟིན་གྱི་འདུག‘དུག་ཚབས་ཆེན་འདི་འདྲ་ཕོག་སྐབས’ང་ཚོས་སྣོད་བཅུད་ཁོར་ཡུག་དང་། བཟའ་བཅའི་བདེ་འཇགས། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་གླེང་ཐབས་བྲལ”ཞེས་རང་ཉིད་ཀྱི་གཉེན་ཉེར་དེ་ལྟར་གསུངས་པ་རེད།
         “དེ་ལས་ཐབས་ཤེས་བཏང་ནས་ས་རྒྱུ་ལེགས་སུ་གཏོང་དགོས”དུས་དེ་ནས་བཟུང་ཀྲོའུ་དབྱི་ཧྥུང་གིས་འབད་བརྩོན་ལྷོད་མེད་གནང་ཞིང་།ཁོང་གིས་གཞི་ཁྱོན་ཆེ་བའི་ཚོང་ལས་བྱེད་མཚམས་བཞག་ནས་དཀའ་ངལ་ལ་མི་འཛེམས་པར་རླངས་འཁོར་ནང་སྤྱི་ལེ་ཆིག་སྟོང་ཙམ་བཞུགས་ཏེ་ས་གནས་དེ་གའི་ཞིང་ལས་ཚན་རྩལ་སྡེ་ཚན་གྱི་ལས་དོན་པ་དང་མཉམ་དུ་རི་ཞིང་ཐོག་མ་དཔེ་འཚོལ་བསྡུ་བྱེད་པར་ཕེབས་ནས་ས་གནས་ས་ཐོག་ཏུ་ས་རྒྱུའི་སྦགས་བཙོག་དང་ལུད་འདུས་ཚད་ཆག་པའི་གནས་ཚུལ་བརྟག་ཞིབ་གནང་།ཕྱིས་སུ་མི་10ལས་གྲུབ་པའི་ཆེད་ལས་ཚོགས་པ་ཞིག་ཆེད་མངགས་བཙུགས་ནས་ཉིན་མཚན་བལྟོས་མེད་དུ་ཚོད་ལྟ་བྱས་མཐར་རྒྱ་ཁྱོན་ཆེ་བའི་སྐྱུར་ལྡན་ས་རྒྱུ་ལེགས་བཅོས་ཀྱི་ཐབས་བཟང་ཞིག་རྙེད།
         ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་2014ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཀྲོའུ་དབྱི་ཧྥུང་གིས<<ས་རྒྱུ་ལེགས་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་གྲོས་འགོ>>དོ་ནན་ངང་བཏོན་ནས་ས་རྒྱུ་ལེགས་བཅོས་ཁྲོད་རྡོ་ཧྲུག་སྤྱོད་པའི་ཐད་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་གནང་རྒྱུའི་རེ་བ་བཏོན་ཡོད།<<གྲོས་འགོ>>དེར་ཞིང་ལས་པུའི་གྲོས་ལན་གང་མགྱོགས་འབྱོར་བ་མ་ཟད། ད་དུང་གྲོས་ལན་ནང་ས་རྒྱུ་ལེགས་བཅོས་བྱེད་པའི་ཁྲོད་རྡོ་ཧྲུག་སྤྱོད་པའི་གནད་དོན་གྱི་སྤྱོད་གོ་ཆོད་པའི་རང་བཞིན་དང་།ཁོར་ཡུག་སྲུང་སྐྱོང་གི་རང་བཞིན། བདེ་འཇགས་རང་བཞིན་སོགས་ཐད་སྔར་བས་ཚོད་ལྟ་ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་བྱེད་དགོས་པའི་རེ་བའང་བཏོན་ཡོད། ནོར་སྲིད་པུས་ཀྱང་གཞུང་ཡིག་འགྲེམས་སྤེལ་བྱས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་བྱས་པ་དང་ཚན་ཞིབ་སྒྲིག་གཞིས་ས་ཞིང་ཐོག་གི་སྦགས་བཙོག་འབྱུང་ཁུངས་བཅོས་སྒྲིག་སོགས་ཐད་ཀྱི་ཚན་ཞིབ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།