འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་གླེང་ཆེ་བ་དང་ཐག་
    གཅོད་དཀའ་བའི་སློབ་གསོའི་གནད་དོན་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་
    བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྒྲིག་གཞིས་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་<<སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་ཁྱབ་བསྒྲགས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་>>ཁྱབ་བསྒྲགས་བྱས་པ་རེད། སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དེ་སྲིད་གཞུང་གི་དྲ་ཚིགས་དང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ། ཚགས་པར་དང་དུས་དེབ། རླུང་འཕྲིན། བརྙན་འཕྲིན་སོགས་ཀྱི་རྣམ་པ་དུས་ཐོག་ཏུ་སྤྱད་ནས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་རེད། སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དེ་ལྟ་སྐུལ་བྱ་ཡུལ་ཚན་པ་དང་དེའི་འགན་འཁུར་བ་གཙོ་བོར་དཔྱད་ཞིབ་དང་། བྱ་དགའ་ཆད་གཅོད། འགན་འཁྲི་རྩད་གཅོད་བཅས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་ཐབས་གསར་པའི་ནང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དེ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དང་། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ། ལོ་འཁོར་གྱི་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་བཅས་རིགས་གསུམ་དུ་འབྱེད་རྒྱུ་རེད། སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དེ་ལྟ་སྐུལ་མཛུབ་ཁྲིད་ཀྱི་བརྒྱུད་རིམ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར། དག་ཐེར་བྱ་ཚུལ་བཅས་ཕྱོགས་གསུམ་དུ་ཕྱེ་བའི་ནང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྒྲིག་གཞིས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བའི་གནས་ཚུལ་དང་། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་སྤེལ་བའི་གནས་ཚུལ། ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་དག་ཐེར་བླང་བྱ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པས་དག་ཐེར་བྱས་པའི་གནས་ཚུལ་སོགས་ནང་དོན་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།