འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་གཞུང་དོན་ཁང་གིས་དཔྱིད་གསར་དུས་
    ཆེན་རིང་གི་ཟས་རིགས་བདེ་འཇགས་མཉམ་འབྲེལ་ལྟ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་གཞུང་དོན་ཁང་གིས་ཞིང་ལས་པུའུ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། བཟོ་ཚོང་སྤྱི་ཁྱབ་ཅུས། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་སོགས་སྡེ་ཚན་དང་མཉམ་འབྲེལ་ལྟ་ཞིབ་ཚོགས་ཆུང་5གྲུབ་ནས་ཧོ་པེ་དང་། ཅི་ལིན། ཅང་ཤིས། ཧྲན་ཏུང་། ཧུའུ་པེ། ཀོང་ཏུང་། ཧའེ་ནན། ཁྲུང་ཆིང་། སི་ཁྲོན་སོགས་ཞིང་ཆེན་(གྲོང་ཁྱེར)9ཡི་ཟས་རིགས་བདེ་འཇགས་ལས་དོན་ཐད་མཉམ་འབྲེལ་ལྟ་ཞིབ་བྱས་ཏེ་ས་གནས་ཁག་ལ་དཔྱིད་གསར་དུས་ཆེན་རིང་གི་ཟས་རིགས་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།