འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུའི་
    སྐོར་གྱི་བསམ་འཆར་འགའ་ཞིག་>>པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་>>(གཤམ་དུ་<<བསམ་འཆར་>>ཞེས་པར་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པའི་ངང་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུའི་འཐབ་ཇུས་ཀྱི་དམིགས་ཡུལ་དང་ལས་འགན་གཙོ་བོ་ཐེངས་དང་པོ་བཏོན་པ་ཡིན་པ་མ་ཟད། ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུའི་སྐོར་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་བྱས་པ་རེད། 
         <<བསམ་འཆར་>>གྱི་ནང་དུ་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་འཕེལ་རྒྱས་གཏོང་ཡུལ་རྒྱ་སྐྱེད་གཏོང་རྒྱུའི་འབད་བརྩོན་བྱེད་ས་གལ་ཆེན་ཡིན་ཞིང་། ལས་ཞུགས་བརྟན་པོ་དང་འཕར་སྣོན་ཡོང་བ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ།   འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་དང་ལས་ཆོད་ཆེར་གཏོང་། འཕར་གཞི་གསར་པ་གསོ་སྐྱོང་བཅས་བྱ་རྒྱུར་ཕན་པ་ཡོད་ཅེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།