འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་བདག་སྤྲོད་བྱེད་ཚད་ལོ་4བསྟུད་མར་
    འཛམ་གླིང་གི་ཨང་དང་པོ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱིས་ཚེས་11ཉིན་2014ལོའི་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་བདག་སྤྲོད་བྱེད་ཚད་ཀྱི་འབྲེལ་ཡོད་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། 2014ལོར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་ཁག་ཁྲི་92.8བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་12.5%འཕར་ནས་ལོ་4བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 2014ལོའི་ལོ་མཇུག་བར་རང་རྒྱལ་གྱི་མི་འབོར་ཁྲི་གཅིག་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་4.9ལྡན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྩ་གནད་ཐོག་བཏོན་པའི་དམིགས་ཚད་ལས་1.6འཕར་ཡོད།
         རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ན་ནིང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་23.3བདག་སྤྲོད་བྱས་པའི་ནང་རྒྱལ་ནང་གིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་16.3ལ་དབང་ཆ་སྤྲད་པ་དེ་ན་ནིང་ལས་ཁྲི་2ཙམ་འཕར་ཡོད། ཁེ་བེད་བདག་ཐོབ་ཀྱི་སྤུས་ཚད་སྟོན་རྟགས་མཐོ་ཙམ་མཚོན་པ་དང་། ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་དང་ཁྲོམ་རའི་རིན་ཐང་མཚོན་པའི་རྒྱལ་ནང་(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད་པ)གི་གོ་ཆོད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་བསྡོམས་ཁྲི་66.3ཟིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།