འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གངས་སྐྱོན་ཕོག་པའི་འབྲོག་ཁུལ་དུ་གེགས་སེལ་དངུལ་སྒོར་ཁྲི་500སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས་གེགས་སེལ་དངུལ་སྒོར་ཁྲི་500སྤྲད་དེ་མགོ་ལོག་དང་། ཡུལ་ཤུལ། རྨ་ལྷོ་སོགས་བོད་རིགས་རང་སྐྱོང་ཁུལ་3ལ་གངས་སྐྱོན་རྒོག་འགོལ་བྱེད་པར་སྤྱད་ནས་ཞིང་འབྲོག་པའི་གྱོང་གུན་ཕོག་ཚབས་ཆུང་དུ་བཏང་བ་རེད།
         ན་ནིང་ལོ་མཇུག་ནས་བཟུང་མཚོ་སྔོན་ལྷོ་ངོས་ཀྱི་འབྲོག་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁ་བ་ཆེན་པོ་ཐེངས་མང་བབས་པ་དང་ས་ཁུལ་ཆ་ཤས་སུ་གངས་སྐྱོན་ཕོག་ནས་ཡུལ་ཤུལ་སོགས་ས་ཁུལ་དུ་གྲང་ངར་ཆེ་བའི་གནམ་གཤིས་བསྟན་པ་དང་། རྩྭ་ར་མང་ཆེ་བ་ཡུན་རིང་གངས་གསོག་ནང་ལུས་པར་བརྟེན་ཕྱུགས་རིགས་འཚོ་བར་ཤུགས་རྐྱེན་ཐེབས་ཁར་གཟན་ཆག་ཁ་སྣོན་བྱེད་པའི་གཟན་རྩྭ་དཀོན་པོ་ཆགས། གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཕྱུགས་རིགས་ལ་འཕྲལ་མར་གཟན་ཆག་ཁ་སྣོན་བརྒྱབ་སྟེ་འབྲོག་ལས་ཐོན་སྐྱེད་ལ་དཔལ་འབྱོར་གྱི་གྱོང་གུན་ཕོག་ཚབས་ཆུང་དུ་བཏང་ཐོག་ཞིང་འབྲོག་མང་ཚོགས་ཁག་གཅིག་གནོད་འཚེ་ཕོག་པ་ལས་དབུལ་པོ་ཆགས་རྒྱུ་སྔོན་འགོག་བྱ་ཆེད་མཚོ་སྔོན་གྱིས་སྐྱོབ་རོགས་དངུལ་དེ་དག་འཕྲལ་དུ་སྤྲད་དེ་གཟན་རྩྭ་དང་གཟན་ཆག་ཉོ་སྒྲུབ་བྱས་པ་དང་ཁ་གསབ་གཏོང་འདྲེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།