འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་ཇོ་མོ་གླང་མའི་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༢༠༡༤ལོའི་ཇོ་མོ་གླང་མའི་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཇོ་མོ་གླང་མ་ཡོད་པའི་རྗོང་སྟེ་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་གི་སྡོམ་རྩིས་གསར་ཤོས་ལྟར་ན། ༢༠༡༤ལོར་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཡུལ་སྐོར་བ་༥༩༡༠༠སླེབས་ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི༦འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         དིང་རི་རྫོང་གི་རྫོང་དཔོན་ཝང་ཁུན་གྱིས་ངོ་སྤྲོད་གནང་བ་ལྟར་ན། ཇོ་མོ་གླང་མའི་སྒར་ས་ཆེན་མོས་ན་ནིང་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ ༧༦༠༠ ལྷག་ཙམ་ཚུད་ཡོད་པ་དེ་དག་ནི་གཙོ་བོ་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ནས་ཡོང་བ་ཡིན་པ་དང་། སྒར་ས་ཆེན་མོའི་སྤ་སེའི་ཡོང་འབབ་ཀྱིས་སྒོར་བྱེ་བ༡དང་ས་ཡ༧ལྷག་ཙམ་ཟིན་པ་དེ ༢༠༡༣ ལོ་དང་བསྡུར་ན་བརྒྱ་ཆའི༤འཕར་ཡོད་པ་རེད། དིང་རི་རྫོང་ནི་ཧི་མ་ལ་ཡའི་དཀྱིལ་འདབས་སུ་གནས་ཤིང་ས་བབ་མཐོ་ཚད་མཚོ་ངོས་ལས་ཆ་སྙོམས་སྨི ༥༠༠༠ ཡོད་ལ། དིང་རི་རྫོང་ཁོངས་སུ་ཇོ་མོ་གླང་མ་ཚུད་པའི་སྨི ༨༠༠༠ ཡན་གྱི་གངས་རི་ཆེན་པོ་བཞི་ཡོད།
         ཝང་ཁུན་གྱིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༡༤ལོའི་ཟླ༤པར་ཇོ་མོ་གླང་མའི་སྒར་ས་ཆེན་མོར་གློག་ཤར་གཏོང་ཐུབ་ཡོད་པ་དང་། གཞན་ཡང་རྒྱལ་ལམ༣༡༨ནས་སྒར་ས་ཆེན་མོ་བར་སྣུམ་ནག་ལམ་ཞིག་ཀྱང་སྐྲུན་བཞིན་ཡོད་པ་དེ་སྔོན་དཔག་བྱས་ན་ད་ལོའི་ཟླ ༦ པར་ཤར་གཏོང་ཐུབ་རྒྱུ་རེད།
         ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡིན་ཞིང་། རི་འཛེག་ལ་དགའ་བའི་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཀུན་གྱིས་ཇོ་མོ་གླང་མར་འཛེག་པ་ནི་མི་ཚེའི་དོན་ཆེན་ཞིག་ཏུ་བརྩི་བཞིན་པ་དང་། དེར་འཛེགས་ཐུབ་མཁན་རྣམས་དཔའ་བོ་ཞིག་ཏུ་བརྩི་བཞིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་བྱང་ངོས་སུ་འཛེག་པའི་དུས་སྐབས་ཡག་ཤོས་ནི་ཟླ་བཞི་པའི་ཟླ་སྨད་ནས་དྲུག་པའི་ཟླ་སྟོད་བར་དང་། ཟླ་དགུ་པའི་ཟླ་དཀྱིལ་ནས་བཅུ་པའི་ཟླ་སྟོད་བར་ཡིན།
         ༢༠༡༤ལོའི་ཟླ་བཅུ་གཅིག་པ་ནས ༢༠༡༥ ལོའི་ཟླ་གསུམ་པའི་ཟླ་སྨད་བར་བོད་ཀྱིས"དགུན་ཁར་བོད་དུ་སྐྱོད•ཇོ་རིའི་དགའ་སྤྲོར་རོལ"ཞེས་པའི་བྱེད་སྒོ་ཐེངས་དང་པོར་སྤེལ་གྱི་ཡོད་ལ་དེའི་དམིགས་ཡུལ་ནི་ཇོ་རིའི་དགུན་ཁའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཆེད་རེད།
    ༄༅།།༢༠༡༤ལོའི་ཇོ་མོ་གླང་མའི་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་ཟིན་པ།
      

    ཕྱོགས་བསྡུས་གསར་འགྱུར།